[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>རྒྱལ་སྤྱིའི་མི་སྣ།
  • རླབས་ཆེན་མི་སྣ་མན་ཏེ་ལར་རྗེས་དྲན་ཞུ།

  • ཡོང་ཁུངས།   ་དམངས་ན་་ཚགས་པར།    |    རྩོམ་པ་པོ།   དབུན་ཤན་གྱིས།    |    སྤེལ་དུས།   2015-01-31

    3.jpg

    ནར་ཤུན·མན་ཏེ་ལ།

    1991ལོ་ནས་1997ལོའི་བར་ཕྲན་ནི་ཕྱི་རྒྱལ་དུ་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ་ཡིན་པས་མན་ཏེ་ལའི་གམ་དུ་ཐེངས་མང་སྐྱོད་པའི་གོ་སྐབས་འཕྲད།ཕྲན་གྱིས་ཁོང་གི་ཕྱག་ཟུང་ཆེན་པོ་འཇུ་སྐབས་མན་ཏེ་ལའི་ལུས་ནས་བླ་ན་མེད་པའི་སྙིང་སྟོབས་དང་མི་གཤིས་ཀྱི་ཡིད་དབང་འཕྲོག་ནུས་ཚོར་གྱི་འདུག

    བཙོན་འཇུག་གི་འཚོ་བའི་ནང་བྱམས་སེམས་ལྷག་པར་འཕེལ་བ།  མན་ཏེ་ལ་ནི་རླབས་ཆེན་མི་སྣ་ཞིག་ཡིན་པ་དེ་སྡིག་ཉེས་ཆེ་བའི་རིགས་རྒྱུད་ཟུར་འཇོག་ལམ་ལུགས་ལ་དཔའ་ངར་ཆེན་པོས་འགོག་རྒོལ་བྱེད་པ་ཙམ་མ་ཟད་ཁོང་གིས་རིགས་རྒྱུད་འདུམ་འགྲིག་ལ་གཞོལ་བའི་ཁོག་ཡངས་དཀྱེལ་ཆེ་ཡོད་པར་དེ་བས་ཐུགདུས་ཡུན་རིང་བའི་བཙོན་ཁང་གི་འཚོ་བའི་ནང་མན་ཏེ་ལའི་ཐུགས་སེམས་གཏིང་གི་འཁོན་འཛིན་འཇའ་ལྟར་ཡལ་ནས་བྱམས་སྐྱོང་གི་འོད་ཟེར་འཁྲུངས།མན་ཏེ་ལའི་སྤྱན་ཟུང་མཇལ་སྐབས་མཛའ་མཐུན་གྱིས་ཁེངས་པའི་ཞི་བ་དང་དགོངས་པ་ཟབ་བཞེས་དེ་ཡིན་པ་ལས་འཁོན་འཛིན་མཐོང་མ་བྱུང་།

    མན་ཏེ་ལའི་ལོ་27བཙོན་ཁང་གི་འཚོ་བའི་ནང་ལོ་19ཙམ་ནུབ་རྒྱ་མཚོ་ཆེ་མོའི་ཐོག་གི་སྤྱི་ཆིང་574ཙམ་ལས་མེད་པའི་ལུའོ་པན་གླིང་ཕྲན་དུ་བཅུག

    1996ལོའི་ཟླ་བ་གཉིས་པར་ལྷོ་ཨ་ཧྥེ་རི་ཁའི་སྲིད་གཞུང་གི་དམིགས་བསལ་ཆོག་མཆན་ཐོབ་པ་བརྒྱུད་ཕྲན་ནི་ཀྲུང་གོ་ནས་ཡོང་མཁན་དང་པོ་ཡིན་པའི་གསར་འགྱུར་གསར་འགོད་པའི་མིང་ཐོག་ནས་སྐབས་དེ་དུས་སྔར་བཞིན་བཙོན་ར་ཡིན་པའི་ལུའོ་པན་གླིང་ཕྲན་དུ་སྐྱོད་པ་ཡིན།བཙོན་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་བཞི་ཙམ་ལས་མེད་པ་དང་གྱང་མཐོན་པོའི་གཡས་ཀྱི་སྟེང་དུ་སྒེའུ་ཁུང་ཆུང་ཆུང་འདུགགུ་ཤིན་ཏུ་དོག་པའི་བཙོན་ཁང་དེའི་ནང་གཟུགས་པོའི་རིང་ཚད་སྨི་1.83ཡོད་པའི་མན་ཏེ་ལ་ཞབས་གོམ་རེ་གཉིས་ལས་མ་སྤོས་ཀྱང་བཙོན་ཁང་གི་སྣེ་གཅིག་ནས་སྣེ་གཞན་ཞིག་ཏུ་སླེབས་ཐུབ།བཙོན་དུ་ཚུད་པའི་མན་ཏེ་ལ་ཡིས་རྟག་ཏུ་ཁྲ་མ་ཆུང་ཆུང་དེ་བརྒྱུད་མི་ཚེ་དང་།སྤྱི་ཚོགས།འཛམ་གླིང་བཅས་ལ་དགོངས་པ་ཟབ་མོ་བཞེས་ཀྱི་ཡོད།

    བཙོན་ཁང་ནས་བྲལ་རྗེས་མན་ཏེ་ལས་མི་རྣམས་ལ“དུས་ཡུན་རིང་ཞིང་གྲོགས་མེད་ཁེར་རྐྱང་དུ་སྡོད་པའི་བགྲང་བྱའི་ནང་ངས་རང་མི་རིགས་ཀྱི་མི་དམངས་ལ་རང་དབང་ཡོང་བ་སྐོམ་པ་ཆུ་འདོད་ལྟར་བྱེད་པ་དེ་མི་རིགས་ཁག་གི་མི་དམངས་དང་མི་རྒྱུད་དཀར་པོ་དང་མི་རྒྱུད་ནག་པོ་ཚང་མར་རང་དབང་ཡོང་བ་སྐོམ་པ་ཆུ་འདོད་ལྟར་འགྱུར་བ......གཞན་གྱི་རང་དབང་བཙན་འཕྲོག་བྱེད་མཁན་ནི་འཁོན་འཛིན་བྱེད་དགོས་པའི་བཙོན་པ་རེད།ཁོང་བཙོན་འཇུག་བྱེད་པ་ནི་ཕྱོགས་རེས་དང་གུ་དོག་པོ་བྱེད་པ་ཞིག་རེད......གཉའ་གནོན་མྱོང་མཁན་དང་གཉའ་གནོན་གཏོང་མཁན་གཉིས་ཀའི་མི་གཤིས་འཕྲོག་ཡོད”ཅེས་གསུངས།

    1996ལོའི་ཟླ་3ཚེས་1ཉིན་ཕྲན་གྱིས་ལྷོ་ཨ་ཧྥེ་རི་ཁའི་སྲིད་འཛིན་རྒྱལ་ས་ཕི་རི་ཐོ་རི་ཡའི་ཙུང་ཐུང་ལས་ཤག་ནང་གི་མན་ཏེ་ལའི་གམ་དུ་ཡུན་རིང་མ་སོང་གོང་ལུའོ་པན་གླིངཕྲན་དུ་བཅར་འདྲི་ཞུས་པའི་ཚོར་སྣང་སྐོར་ཞུ་སྐབས་མན་ཏེ་ལས་ཕྲན་གྱི་ལག་ནས་འཇུས་ཏེ་འཛུམ་དམུལ་དམུལ་ངང་ཕྲན་གྱིས་ཞུས་པ་གསན་བཞིན་དུ་སྤྱན་ཟུང་ནང་སྔར་བཞིན་ཞི་བ་དང་དགོངས་པ་ཟབ་བཞེས་ཀྱིས་ཁེངས་འདུག

    ཐུགས་རིག་བཀྲ་བས་ཆབ་སྲིད་མཁས་ཅན་གྱི་ཉམས་བཟང་མངོན་པ།    མན་ཏེ་ལ་རླབས་ཆེན་མི་སྣ་ཞིག་ཡིན་པ་དེ་མི་ཆོས་ཀྱིས་ཁེངས་པས་རེད།མན་ཏེ་ལས་ཕྲུ་གུར་མཉེས་པོ་ཡོད་པས་ཕྲུ་གུ་དང་མཉམ་དུ་བཞུགས་སྐབས་ཞལ་རས་ནས་རྟག་ཏུ་འཛུམ་མདངས་འཕྱུར་གྱི་ཡོད།1991ལོའི་ཟླ་10ཚེས་15ཉིན་གྱི་མཚན་མོ་སྐབས་28པའི་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་འགོ་གཙོའི་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཁག་གི་འགོ་གཙོ་ཙམ་པབ་ཝུའེ་རྒྱལ་ས་ཧ་ར་རེའི་གྲོང་ཁྱེར་ལྟེ་གནས་ཀྱི་ཞི་ལའེ་ཏེང་ཨར་ཁང་ཆེ་མོར་འཛོམས།གློ་བུར་དུ་མི་རྣམས་ཀྱི་མིག་ཟུང་དེ་སྒོ་འགྲམ་དུ་ཕྱོགས་པ་སྟེ་བཙོན་ཁང་ནས་འདོན་མ་ཐག་པའི་མན་ཏེ་ལ་ཡང་དེ་གར་ཕེབས་པས་རེད།བགྲང་བྱའི་ལོ་ཟླས་ཁོང་གི་དབུ་སྐྲ་དུང་ལྟར་དཀར་བ་དང་ཞལ་རས་གཉེར་མས་ཁེངས།ཁོང་གིས་ཞབས་ཐང་ངང་ཕེབས་ཀྱིན་དུ་དེ་གར་ཡོད་པའི་མི་རྣམས་ལ་ཕྱག་གཡུག་གཡུག་གནང་ནས་གུས་འདུད་ཞུས་པ་དང་དེ་ནི་ཕྲན་གྱིས་མན་ཏེ་ལ་མཇལ་ཐེངས་དང་པོ་ཡིན།འོན་ཏེ་མན་ཏེ་ལས་ཕྲན་ལ་ཕྱག་བཏང་གནང་སྐབས་གྲོགས་པོ་རྙིང་པ་ལྟར་འཛུམ་དམུལ་དམུལ་ངང“ང་གཉིས་ཕལ་ཆེར་འཕྲད་མྱོང་ཡོད་པ་འདྲ”ཞེས་གསུངས་བྱུང་།ལོ་དེའི་ཟླ་12ཚེས་20ཉིན་གྱི་སྔ་དྲོར་ལྷོ་ཨ་ཧྥེ་རི་ཁའི་ལོ་རྒྱུས་ཐོག་གི་ལོ་400ཙམ་ནང་མི་རྒྱུད་དཀར་པོ་དང་མི་རྒྱུད་ནག་པོ་མཉམ་དུ་བསྡད་ནས་རྩ་ཁྲིམས་བཟོ་བའི་གྲོས་མོལ་བྱེད་ཐེངས་དང་པོ་རེད།མན་ཏེ་ལ་དེ་གར་ཕེབས་རྗེས་གློ་བུར་དུ་མི་ཚོགས་དབུས་ནས་ཞབས་ཐང་མྱུར་པོས་ལྷོ་ཨ་ཧྥེ་རི་ཁའི་མི་རྒྱུད་དཀར་པོའི་དམངས་གཙོ་ཏང་གི་འཐུས་མི་ཚོགས་པའི་ཕྱོགས་སུ་ཕེབས་ཏེ་གཟུགས་པོ་ཆུང་ཆུང་ཡིན་པའི་མི་རྒྱུད་དཀར་པོ་མཁྱེན་ལྡན་མ་ཞིག་ལ་མཛའ་བརྩེའི་ངང་ཕྱག་བཏང་བ་དང་འཐམ་འཁྱུད་གནང་།ཁོང་ནི་དེ་གོང་ལོ་25རིང་ལྷོ་ཨ་ཧྥེ་རི་ཁའི་གྲོས་ཚོགས་ཐོག་རིགས་རྒྱུད་ཟུར་འཇོག་ལ་ཡོངས་བསྒྲགས་ངང་ངོ་རྒོལ་བྱེད་པ་དང་མན་ཏེ་ལ་བཙོན་བཀྲོལ་གཏོང་དགོས་པའི་རེ་འབོད་ཡང་ཡང་བྱེད་མཁན་མི་རྒྱུད་དཀར་པོའི་གྲོས་མི་འབའ་ཞིག་དེ་རེད།

    ལྷོ་ཨ་ཧྥེ་རི་ཁ་གསར་པ་མ་བཙུགས་གོང་མཛད་བྲེལ་གྱིས་ཁེངས་པའི་མན་ཏེ་ལའི་སྐུ་གཟུགས་དེ་ཙམ་ཡག་པོ་མེད།1993ལོའི་ཟླ་2ཚེས་19ཉིན་གཡོད་ཧན་ནེ་སི་པའོ་རུ་འཚོགས་པའི“རྒྱལ་སྤྱིའི་རིགས་རྒྱུད་ཟུར་འཇོག་ལ་ངོ་རྒོལ་བྱེད་པའི་ངག་ཐོག་རྒྱབ་སྐྱོར་ཚོགས་ཆེན”ཐོག་མན་ཏེ་ལས་གཏམ་བཤད་གནང་མི་ཐུབ་པས་ཁོང་གི་སྐུ་གཟུགས་གནས་ཚུལ་དེ་མི་རྣམས་ཀྱི་བགྲོ་གླེང་བྱེད་པའི་བརྗོད་གཞི་ཞིག་ཏུ་གྱུར།ཉིན་གཉིས་པའི་ཚོགས་འདུ་འཚོགས་རིང་ཚོགས་རའི་སྒོ་འགྲམ་དུ་གློ་བུར་དུ་སྐུ་སྟོད་ཐོག་ཨ་ཧྥེ་རི་ཁའི་ས་བཀྲས་བརྒྱན་པའི་མན་ཏེ་ལ་དེ་གར་ཐོན་པས་ཚོགས་ར་ཡོངས་སུ་ཡུད་ཙམ་རིང་འཁྲུག་པོར་གྱུར།ཚོགས་འདུའི་དམིགས་བསལ་འཐུས་མི་ཡིན་པའི་འཛམ་གླིང་གི་ཁུ་ཚུར་གཞུ་རྩལ་ཨང་དང་པོ་ཡིན་པའི་ལི་ཏེ་ཁེ·པའོ་ཡིས་སེམས་འགུལ་ཐེབས་བཞིན་དུ་མན་ཏེ་ལ་ལ་ཕྱག་བཏང་བ་དང་འབྲེལ་སྐུ་ན་ཕྲ་སྐབས་ཁུ་ཚུར་བ་ཞིག་ཡིན་པའི་མན་ཏེ་ལ་ལ་ཁུ་ཚུར་གྱི་ལག་ཤུབས་དམར་པོ་ཆ་གཅིག་དང་སྐུ་སྟོད་ནག་པོ་ཞིག་ཕུལ།དེ་མུར་མན་ཏེ་ལས་ཁུ་ཚུར་གྱི་ལག་ཤུབས་གྱོན་ཏེ“ཡིན་དཱ།སུ་ནི་འཛམ་གླིང་ཨང་དང་པོ་རེད་འདུག་གམ”ཞེས་གསུངས་ནས་འཛམ་གླིང་གི་ཁུ་ཚུར་གཞུ་རྩལ་ཨང་དང་པོར་ཕྱོགས་ཏེ་འཛིང་རྩིས་ཀྱིས་རྣམ་པ་བསྟན་པས་ཚོགས་ར་ཡོངས་སུ་དགོད་སྒྲས་ཁེངས།ལི་ཏེ་ཁེ·པའོ་ཡིས་སྒྲ་དུང་ལ་ཕྱོགས་ཏེ་སྐད་ཤུགས་ཆེན་པོས“རིགས་རྒྱུད་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཁྱེད་ནི་དངོས་འབྲེལ་འཛམ་གླིང་གི་ཨང་པོ་རེད”ཅེས་བཤད།    མན་ཏེ་ལ་རླབས་པོ་ཆེ་ཡིན་པ་དེ་ད་དུང་ཁོང་ཐུགས་རིག་བཀྲ་བས་རེད།བཙོན་པ་ནས་ཙུང་ཐུང་བར་གྱི་ངོ་མཚར་ཆེ་བའི་བརྒྱུད་རིམ་བརྒྱུད་པའི་མན་ཏེ་ལས་ཙུང་ཐུང་གི་འགན་འཁུར་ཡུན་ཐིམ་རྗེས་མུ་མཐུད་འགན་བཞེས་ཆོག་རུང་ཁོང་གིས་སྲིད་སྟེགས་ནས་ཐུགས་ཐག་ཆོད་པོས་བབས།1997ལོའི་ཟླ་12ཚེས་20ཉིན་ལྷོ་ཨ་ཧྥེ་རི་ཁའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་བཅུ་པའི་ཐོག་མན་ཏེ་ལས་དབང་ཆ་མཐོ་ཤོས་མཚོན་པའི་ཤིང་ནག་འཁར་རྒྱུག་དེ་གསར་དུ་འདེམས་ཐོན་བྱུང་བའི་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་ཀྲུའུ་ཞི་མུའུ་པེ་ཅི་ལ་སྒམ་བརླིང་ངང་རྩིས་སྤྲད་གནང་བ་དངོས་སུ་མཐོང་བྱུང་།མན་ཏེ་ལས་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་སྤྱིར་བཏང་ཁོངས་མི་ཞིག་གི་མིང་ཐོག་ནས་གཏམ་བཤད་གནང་སྟེ་མུའུ་པེ་ཅི་ལ“ངའི་ཀྲུའུ་ཞི”ཞེས་གསལ་པོར་འབོད་པ་དང་ཁོང་གིས“ངས་དུས་ཚོད་དེ་འདྲ་ཞིག་རེ་སྒུག་བྱེད་བཞིན་ཡོད་པ་སྟེ།ཞོགས་པའི་ཉི་གཞོན་འཆར་སྐབས་ངའི་ཕ་ཡུལ་ཀུའུ་ནུའུ་གྲོང་ཚོའི་རི་ཀླུང་དུ་དལ་བུར་སྐྱོད་རྒྱུ་དེ་ཡིན།ངས་ད་དུང་དུས་ཚོད་དེ་བས་མང་བ་ཞིག་བྱུང་ཚེ་ཀེ་ཝུན·མུའུ་པེ་ཅི་དང་ཤིས་སུའུ་ལུའུ་དང་མཉམ་དུ་ང་ཚོ་ལུའོ་པིན་གླིང་ཕྲན་གྱི་བཙོན་རར་ལོ་20ལྷག་ཙམ་སྡོད་རིང་གྲོས་བསྡུར་བྱེད་ཁོམ་མ་བྱུང་བའི་གནད་དོན་གྲོས་བསྡུར་བྱེད་པའི་རེ་བ་བྱེད་ཀྱི་ཡོད”ཅེས་གསུངས།

    གཟིགས་རྒྱང་རིང་པོའི་ཐོག་ནས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་ཕྱི་ཕྱོགས་ཀྱི་འབྲེལ་བ་འཛུགས་རྒྱུར་སྐུལ་མ་བཏང་བ།

    མན་ཏེ་ལར་གཟིགས་རྒྱང་རིང་པོ་ཡོད་སྟབས་ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ལ་མཛད་རྗེས་ཧ་ཅང་ཆེན་པོ་བཞག་ཡོད།ལོ་རྒྱུས་ཀྱིས་རྐྱེན་པས་ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་འཛུགས་མ་ཐག་ཀྲུང་གོ་དང་ཕྱི་ཕྱོགས་ཀྱི་འབྲེལ་བ་དངོས་སུ་བཙུགས་མེད།1995ལོའི་ཟླ་11ཚེས་18ཉིན་གྱི་སྔ་དྲོ་གཡོད་ཧན་ནེ་སི་པའོ་ཡི་ཙུང་ཐུང་ལས་ཤག་ཏུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཕྲན་གྱིས་བཀའ་འདྲི་ཞུས་པའི་དྲི་བར་མན་ཏེ་ལས་ལན་སྐྱོན་སྐབས“ང་ཚོའི་འདི་གའི་གནས་ཚུལ་ཧ་ཅང་དམིགས་བསལ་ཡིན་པས་ངས་ངེས་པར་དུ་ལྷོ་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་ཁེ་ཕན་དང་བསྟུན་ནས་བྱ་བ་སྒྲུབ་དགོས།འོན་ཏེ་ངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་ཕྱོགས་ཀྱི་འབྲེལ་བ་འཛུགས་འདོད་ཆེན་པོ་ཡོད།དེའི་ཐད་ངས་གྲོས་མོལ་གྱི་གྲ་སྒྲིག་བྱེད་བཞིན་ཡོད”ཅེས་གསུངས་བྱུང་།1996ལོའི་ཟླ་3ཚེས་1ཉིན་མན་ཏེ་ལས་ཕྲན་ལ་ལྷོ་ཨ་ཧྥེ་རི་ཁའི་འཐུས་མི་ཚོགས་པ་ཞིག་པེ་ཅིང་དུ་ཀྲུང་གོ་དང་ཕྱི་ཕྱོགས་ཀྱི་འབྲེལ་བ་འཛུགས་རྒྱུའི་བྱ་བར་རྟོག་ཞིབ་བྱེད་པར་བཏང་ཡོད་ཅེས་དངོས་སུ་གསུངས་བྱུང་།

    1996ལོའི་ཟླ་11ཚེས་27ཉིན་ཕྲན་དང་ལྷོ་ཨ་ཧྥེ་རི་ཁའི་གསར་འགྱུར་ལས་རིགས་ཀྱི་ཆ་འཕྲིན་སྔོན་བརྡའི་དྲ་བ་དང་སྦྲེལ་བའི་BPའཕྲུལ་འཁོར་ཐོག་གློ་བུར་དུ་ཆ་འཕྲིན་ཞིག་འབྱོར་བ་སྟེ།“ཙུང་ཐུང་མན་ཏེ་ལས་ཚེས་27ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པར་གཡོན་ཧན་ནེ་སི་པའོ་ཡི་ཙུང་ཐུང་ལས་ཤག་ཁང་དུ་ལྷོ་ཨ་ཧྥེ་རི་ཁའི་ཕྱི་ཕྱོགས་འབྲེལ་བའི་ནང་གི་གནད་དོན་གལ་ཆེའི་ཐད་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོག་རྒྱུ་རེད”ཅེས་པ་དེ་རེད།དེ་ཐོས་འཕྲལ་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་ཚོགས་ཡུལ་དུ་བསྐྱོད་པ་ཡིན།

    ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་20ཡི་ཐོག་ལྷོ་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་པུའུ་ཀྲང་ཨེན་ཙུའོ་དང་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་ཕ་ཧ་ཏ་དང་ཙུང་ཐུང་གཞུང་དོན་ཁང་གི་ཀྲུའུ་རེན་སོགས་ཀྱི་ཕེབས་རོགས་འོག་འོག་འཇུག་སྔོ་ཁྲ་གྱོན་པའི་མན་ཏེ་ལ་ལས་ཤག་ཁང་གི་སྒོ་རའི་མདུན་གྱི་སྤང་སྟེང་དུ་ཕེབས་ནས་དེ་གར་ཡོད་པའི་གསར་འགོད་པར་ཕྱག་གཡུག་གཡུག་གནང་རྗེས་རྐུབ་སྟེགས་ཤིག་གི་ཐོག་ཏུ་བཞུགས་པ་དང་སྤྱན་ཤེལ་བཏགས་ཏེ་ལྷོ་ཨ་ཧྥེ་རི་ཁ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབར་དངོས་སུ་ཕྱི་འབྲེལ་འབྲེལ་བ་འཛུགས་རྒྱུའི་གསལ་བསྒྲགས་སྒྲོག་སྦྱངས་གནང་།    ཚོགས་ཡུལ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསར་འགྱུར་གསར་འགོད་པ་འབའ་ཞིག་ཡིན་པའི་ཕྲན་གྱིས་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་དེ་མཐོང་སྐབས་དགའ་སྤྲོ་དཔག་མེད་སྐྱེས་བྱུང་།གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་མཇུག་བསྒྲིལ་མ་ཐག་མན་ཏེ་ལ་ཡིས་ཕྲན་དང་དྲན་རྟེན་པར་སྐྱོན་རྒྱུའི་ཞལ་བཞེས་གནང་བྱུང་།ཁོང་གིས་ཕྲན་གྱི་ལག་ནས་འཇུ་བཞིན་དུ་འཛུམ་དམུལ་དམུལ་ངང“རིམ་པ་མཐོ་རུ་ཕྱིན་པ་རེད”ཅེས་གསུངས་བྱུང་།

    མི་རླབས་པོ་ཆེ་དགོངས་པ་རྫོགས་ནས་མི་རྣམས་ལ་སླེབས་དཀའ་བའི་མཐོ་རི་ལྟ་བུ་ཞིག་བཞག་པ་དང་།མིའི་རིགས་ཀྱི་སྤྱི་ཚོགས་ལ་བློ་སྒོ་འབྱེད་པའི་བང་མཛོད་ལྟ་བུ་དེ་བས་བཞགམན་ཏེ་ལའི་མཚན་དང་སྙན་གྲགས་བསྐལ་བརྒྱར་གནས་པར་གྱུར་ཅིག



    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།