[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>རྒྱལ་སྤྱིའི་མི་སྣ།
  • མ་ཡུན་གྱིས་ང་ཚོ་མི་རེ་རེ་ལ་གདམས་པའི་ལེགས་བཤད་ཉི་ཤུ།

  • ཡོང་ཁུངས།   ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-05-24

    ༡.རྨི་ལམ་ཡོད་མཁན་ཧ་ཅང་མང་ཡང་། རྒྱུན་འཁྱོངས་བྱེད་མཁན་ཤིན་ཏུ་དཀོན། 

    ༢.འཁང་ར་བྱེད་མཁན་དག་ནི་རྩོམ་ཡིག་ཁོ་ན་འབྲི་ཤེས་མཁན་དག་ཡིན།

    ༣.སྐབས་ལན་རེར་གླེན་པའི་རྒྱུན་འཁྱོངས་ནི་རྒྱུན་འཁྱོངས་མ་བྱས་པ་ལས་ཁྱད་དུ་འཕགས།

    ༤.རྒྱག་རེས་བྱེད་ཤེས་པའི་མི་ལ་ཁོང་ཁྲོ་ལང་མི་སྲིད་ལ། ཁོང་ཁྲོ་ལང་བའི་མིས་རྒྱག་རེས་བྱེད་མི་ཤེས་ཁོ་ཐག་ཡིན།

    ༥.ང་ཚོས་ཁ་སང་ལ་བཀའ་དྲིན་ཞུ་དགོས་མོད། འོད་སྟོང་ལྡན་པའི་སང་ཉིན་ལ་ཡང་འཚོལ་སྙེག་བྱེད་དགོས།

    ༦.གལ་ཏེ་མི་རྣམས་ཀྱིས་སློབ་སྦྱོང་བྱེད་མཚམས་བཞག་ཚེ། དེ་ནི་ཏག་ཏག་ཕམ་ཁའི་ཕྱོགས་སུ་བསྐྱོད་མགོ་བརྩམས་པ་རེད།

    ༧.གལ་སྲིད་དེ་རིང་གི་གནས་བབ་ལ་འགྱུར་ལྡོག་མ་བཏང་ན། ང་ཚོར་ནམ་ཡང་འོད་སྟོང་འབར་བའི་སང་ཉིན་ཞིག་ཡོད་མི་སྲིད།

    ༨.མི་གང་མང་ཞིག་ཕམ་ཁར་འཕྲད་པའི་རྒྱུ་རྐྱེན་ནི་སྒོར་མོ་ཉུང་དྲགས་པས་མ་ཡིན་པར་སྒོར་མོ་མང་ཆེ་བས་རེད།

    ༩.འཚོ་གནས་བྱེད་ཐུབ་པའི་ཐབས་བཀོད་ཡག་ཤོས་ནི་བྱ་བ་ཆེན་པོ་བསྒྲུབ་རྒྱུ་མ་ཡིན་པར་བྱ་བ་ཡག་པོར་བསྒྲུབ་རྒྱུ་དེ་རེད།

    ༡༠.གལ་སྲིད་ཁྱོད་ཀྱིས་བདམས་པའི་ཁ་ཕྱོགས་ནོར་ཡོད་ཚེ། ཅི་ཙམ་བསྒྲུབས་པ་འགྲིག་ན་དེ་ཙམ་གྱིས་མགྱོགས་པོར་འཆི་ངེས།

    ༡༡.འདྲ་བཟོ་བྱེད་ཐུབ་པའི་དངོས་པོ་ཡོད་ཚད་འདྲ་བཟོའི་དངོས་རྫས་ཡིན་ལ། ནམ་ཡང་འདྲ་བཟོ་བྱེད་མི་ཐུབ་པ་ནི་སྒྱུ་རྩལ་ཐོན་རྫས་ཡིན།

    ༡༢.གླེན་པས་ཁ་བེད་སྤྱད་ནས་སྐད་ཆ་འཆད་ལ། སྤྱང་པོས་ཀླད་པ་བཀོལ་ནས་སྐད་ཆ་འཆད། ཤེས་རབ་ཅན་གྱིས་སེམས་སྤྱད་དེ་སྐད་ཆ་འཆད།

    ༡༣.ངས་ནི་འཇིག་རྟེན་སྟེང་གི་མི་ཚང་མ་སྤྱང་པོ་ཡིན་པར་འདོད་ལ། ཆེས་གླེན་པའི་མིས་ནི་རང་ཉིད་གཞན་ལས་སྤྱང་པོ་ཡིན་པར་འདོད།

    ༡༤.དེ་རིང་ཧ་ཅང་དཀའ་ཁག་ཆེ་ལ། སང་ཉིན་དེ་ལས་ཀྱང་དཀའ་ཁག་ཆེ། འོན་ཀྱང་གནངས་ཉིན་ནི་ཧ་ཅང་མཛེས་སྡུག་ལྡན་པའི་ཉིན་མོ་ཞིག་ཡིན།

    ༡༥.གཞན་གྱིས་ང་ཡི་རྣམ་པ་བསྐྱར་དཔར་བྱེད་ཐུབ་ཀྱང་། ངའི་དཀའ་སྡུག་དང་མཚམས་མི་འཇོག་པའི་མདུན་སྐྱོད་ཀྱི་སྤྲོ་སེམས་དེ་བསྐྱར་དཔར་བྱེད་མི་ཐུབ།

    ༡༦.རིན་གོང་ནི་འཛམ་གླིང་སྟེང་གི་ཆེས་རྩ་ཆེ་བའི་དངོས་པོ་ཡིན་པས། ཅི་ཐུབ་གང་ཐུབ་ཀྱིས་རིན་མེད་མ་བྱེད། ཁྱོད་ལ་སྒོར་མོ་ཡོད་རྗེས་ད་གཟོད་རིན་མེད་ཀྱི་ཕྱོགས་ལ་བསམ་བློ་ཐོངས།

    ༡༧.ལོ་རབས་བརྒྱད་ཅུ་པ་དག་གིས་ལོ་རབས་དྲུག་ཅུ་བ་དང་བདུན་ཅུ་བ་དག་གི་རྗེས་མ་སྙེགས། ལོ་རབས་དགུ་བཅུ་བ་ཚོའི་རྗེས་ཨེ་ཆོད་ལྟོས་དང་། དེ་ལྟར་བྱེད་ཐུབ་ཚེ་རྒྱལ་ཁ་འཐོབ་པའི་ངེས་པ་ཆེ།

    ༡༨.དམག་དཔོན་བྱེད་མི་འདོད་པའི་དམག་མི་ནི་དམག་མི་བཟང་པོ་ཞིག་མིན་ལ། དམག་མི་བཟང་པོ་ཞིག་ཀྱང་བྱེད་མི་ཐུབ་པའི་དམག་དཔོན་ནི་དམག་དཔོན་བཟང་པོ་ཞིག་མིན་པ་ཧ་ཅང་གསལ།

    ༡༩.ཁྱོད་ཀྱིས་ལོངས་སྤྱོད་ཀྱི་མིག་ཟུང་སྤྱད་དེ་གཞན་ལ་ལྟ་སྐབས། ཅི་ཙམ་བལྟས་པ་དེ་ཙམ་གྱིས་ལེགས་པོར་མཐོང་ལ། ཁྱོད་རང་གཞན་ལ་ཞེན་པ་ལོག་སྐབས། ཅི་ཙམ་བལྟས་པ་དེ་ཙམ་གྱིས་མིག་ལ་མི་རན་པ་ཡིན།

    ༢༠.ཁྱོད་རང་ཁྱོད་ཚོའི་རྫོང་མཁར་ཕྱི་ལ་འགྲོ་མ་མྱོང་བར་པེ་ཅིན་འདི་འདྲ་ཞིག་ཆེ་བ་གཏན་ནས་ཚོད་དཔག་བྱེད་མི་ཐུབ་ལ། ནེའུ་ཡོག་གྲོང་ཁྱེར་ནས་མཚན་མོར་ཆུ་ཚོད་ཉེར་བཞིའི་རིང་ལ་ཅི་ཞིག་མཁོ་བ་སྐྱེལ་ཡོང་བ་དེ་ཡང་ཁྱོན་ནས་ཤེས་མི་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།