[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཕྱི་འབྲེལ་པུས་བསྟན་དོན།

    ​ ཨ་རིའི་ཚོང་དོན་སྲུང་སྐྱོང་བྱེད་ཐབས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་བཟོས་པའི་ཤུགས་རྐྱེན་ཡོངས་སུ་ཁྱད་གསོད་བྱེད་ཐུབ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-17

    ཚེས་15ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོར་བརྟན་པོའི་ངང་འཕར་བཞིན་ཡོད་པ་དང་དགེ་མཚན་ལྡན་ལ་ལེགས་པའི་ཕྱོགས་སུ་བསྐྱོད་བཞིན་པ་མངོན་ཞིང་། ཨ་རིའི་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་བྱེད་ཐབས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ཤུགས་རྐྱེན་ངེས་ཅན་བཟོ་སྲིད་ནའང་། ཡོངས་སུ་ཁྱད་གསོད་བྱེད་ཐུབ། ཕྱི་རོལ་གྱི་ཉེན་ཁ་དང་ཕོག་ཐུག་གང་རུང་ང་ཚོས་འགོག་རྒོལ་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད་ཅེས་བརྗོད།

    གསར་འགོད་པ་ཞིག་གིས་དྲིས་དོན། གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་བསྟུད་མར། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་དེ་ཙམ་ཡག་པོ་མེད་པས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་དཔལ་འབྱོར་ཚོང་དོན་གྱི་གྲོས་མཐུན་འཇོག་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ཅེས་ཐེངས་མང་བརྗོད་པར་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་ལྟ་ཚུལ་དེར་མོས་མཐུན་ཡོད་དམ། ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་ཨའི་ཚོང་དོན་རྩོད་གཞི་ལས་ཀྲུང་གོའི་དཔལ་འབྱོར་ལ་བཟོས་པའི་ཤུགས་རྐྱེན་ལ་དཔྱད་དཔོག་ཇི་ལྟར་བྱེད་ཀྱི་ཡོད།

    “ཨ་རིའི་ཤོད་སྟངས་ལ་གཞི་འཛིན་ས་གང་ཡང་མེད”ཅེས་ཀེང་ཧྲོང་གིས་དོན་དངོས་ཐོག་ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོར་བརྟན་པོའི་ངང་འཕར་བཞིན་ཡོད་པ་དང་དགེ་མཚན་ལྡན་ལ་ལེགས་པའི་ཕྱོགས་སུ་བསྐྱོད་བཞིན་པ་མངོན་ཡོད། “ཨ་རིའི་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་བྱེད་ཐབས་ཀྱིས་ཀྲུང་གོའི་དཔལ་འབྱོར་ལ་ཤུགས་རྐྱེན་ངེས་ཅན་བཟོ་སྲིད་ནའང་། ཡོངས་སུ་ཁྱད་གསོད་བྱེད་ཐུབ། ང་ཚོ་ལ་ཕྱི་རོལ་གྱི་ཉེན་ཁ་དང་ཕོག་ཐུག་གང་རུང་ང་ཚོས་འགོག་རྒོལ་ཐུབ་པའི་ཡིད་ཆེས་དང་ནུས་པ་ཡོད”ཅེས་བརྗོད།

    ཀེང་ཧྲོང་གིས། ད་ལོའི་དུས་ཚིགས་དང་པོར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་6.4%འཕར་ནས་འཕར་ཚད་ནི་སྔོན་དཔག་ལས་བརྒལ་ཡོད། ལྷག་དོན་དུ་གླེང་རིན་ཡོད་པ་ཞིག་ནི་ནང་མཁོ་དེ་ཉིད་ཀྲུང་གོའི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་གྱུར་པ་དང་། ན་ནིང་ཀྲུང་གོའི་འཛད་སྤྱོད་ལས་དཔལ་འབྱོར་འཕར་བའི་ཐད་ལེགས་སྐྱེས་འབུལ་ཚད་76.2%ཟིན་ཡོད། མི་རིང་བའི་གོང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི《འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟའི་སྙན་ཞུ》ཡི་ནང་། 2019ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་དེ་སྔོན་དཔག་ལྟར་3.3%བར་བཅག་ནའང་། ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྔོན་དཔག་ལྟར་བརྒྱ་ཆའི་གྲངས་0.1ནས་6.3%བར་སྤར་ཡོད་པ་རེད། དེ་ནི་འཛམ་གླིང་དཔལ་འབྱོར་སྒྲིག་གཞི་གཙོ་བོའི་ཁྲོད་ཀྱི་སྤར་བའི་རྒྱལ་ཁབ་འབའ་ཞིག་ཀྱང་ཡིན་པ་རེད་ཅེས་བརྗོད།

    ཕྱི་ཕྱོགས་ཚོང་དོན་གྱི་ཐད། ཀེང་ཧྲོང་གིས། འདི་ལོའི་ཟླ་1པོ་ནས་4པའི་བར། ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་གྱི་ནང་འདྲེན་དང་ཕྱིར་གཏོང་དེ་དུས་མཚུངས་ལས་4.3%འཕར་བ་དང་། ཡོ་རོབ་མནའ་འབྲེལ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སོགས་ལ་ཕྱིར་གཏོང་བྱེད་ཚད་ཆེས་ཆེར་འཕར་ཡོད། “ཀྲུང་གོའི་ཚོང་དོན་རོགས་ཟླ་གང་སར་ཡོད་པས། ཀྲུང་གོ་འདི་ཉིད་ཚོང་དོན་རྒྱལ་ཁབ་ཆེན་པོ་ནས་ཚོང་དོན་གྱི་རྒྱལ་ཁབ་སྟོབས་ཆེན་དུ་མགྱོགས་མྱུར་འགྱུར་བཞིན་ཡོད་ཅིང་། འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྱང་ཀྲུང་གོའི་འཕེལ་རྒྱས་ཀྱི་ཁེ་བཟང་མཉམ་སྤྱོད་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་འདོད་བྱེད་ཀྱི་ཡོད་པ་རེད། གལ་སྲིད་སུ་ཞིག་གིས་ཀྲུང་གོ་དང་ཚོང་རྒྱག་འདོད་མེད་ན། གཞན་གྱིས་ཚབ་བྱེད་ངེས་རེད”ཅེས་བརྗོད།

    ཀེང་ཧྲོང་གིས། ཀྲུང་གོར་ཐོན་ལས་ཀྱི་མ་ལག་འཐུས་ཚང་དང་། རྒྱུན་ཆད་མེད་པའི་སྟོབས་ཆེར་འགྲོ་བའི་ཚན་རྩལ་གསར་གཏོད་ཀྱི་ནུས་པ། འཛམ་གླིང་དུ་གཞི་ཁྱོན་ཆེ་ཤོས་ཀྱི་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི། རྒྱལ་ནང་གི་འཛད་སྤྱོད་ཁྲོམ་ར་དང་མ་འཇོག་ཁྲོམ་ར་ཆེན་པོ་བཅས་ཡོད། “ང་ཚོས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་ལ་གདེང་ཚོད་ཆེན་པོ་ཡོད། མུ་མཐུད་རང་ཉིད་ཀྱི་ཁྱད་ཆོས་དང་གོམ་སྟབས་དང་རང་ཉིད་ཀྱི་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་གཞིར་བཟུང་། བློ་རྩ་བརྟན་པོས་སྒྱུར་བཅོས་སྒོ་དབྱེར་སྐུལ་གཏོང་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་རྩ་བརྟན་པོས་སྐུལ་གཏོང་བྱས་ནས་ཀྲུང་གོའི་དཔལ་འབྱོར་བརྟན་པོ་དང་ཕུགས་འཕེར་ཡོང་བར་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།