[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • རྒྱལ་ཁབ་སྤྱི་གླིང་གི་སྣོད་བཅུད་ཁོར་ཡུག་ལེགས་སུ་འགྲོ་བཞིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་སྤྱི་གླིང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཐན་ཡུང་ཁྲེན་གྱིས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟའི་ཁུལ་གྱིས་སྣོད་བཅུད་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་བརྟན་པོའི་ངང་འཕར་ནས་སྲུང་སྐྱོང་གྲུབ་འབྲས་རགས་ཙམ་མངོན་ཡོད་ཅེས་བཤད་པ་རེད།

    ཐན་ཡུང་ཁྲེན་གྱིས་ཚེས་17ཉིན་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འཚོགས་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོན་རྟགས་སྤྱོད་འགོ་ཚུགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོང་གསལ་གྱི་སྐད་ཆ་དེ་དག་བཤད་པ་རེད།

    རང་བྱུང་སྣོད་བཅུད་མ་ལག་གི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་རྒྱུན་འཁྱོངས་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཆེད། རང་རྒྱལ་གྱིས་སྔ་རྗེས་སུ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཁག་གཅིག་བྱས་པ་དང་དོ་དམ་སྒྲིལ་སྲོལ་སྒྱུར་བཅོས་འཚོལ་ཞིབ་རགས་ཙམ་བྱས་ཤིང་། མིག་སྔར་གཙང་གསུམ་ཆུ་འགོ་དང་། བྱང་ཤར་གྱི་སྟག་གཟིག དོམ་ཁྲ། མདོ་ལ་རིང་མོ། ཧའེ་ནན་གྱི་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ། ཧྲེང་ནུང་ཅ། ཝུའུ་དབྱི་ཧྲན་རི་བོ། ཆན་ཅང་ཡོན། ནན་ཧྲན་རི་བོ། པོ་ཏ་མཚོ་བཅས་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟ་བྱ་ཡུལ་10ལག་བསྟར་བྱས་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་22.29ཟིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།