[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་བསྟན་དོན།

    ​ དབུལ་པོ་ཉུང་གཏོང་གི་ཉམས་མྱོང་མཉམ་སྤྱོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་འབུལ་འདོད་ཡོད།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-19

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གསར་སྤེལ་མཛུབ་ཁྲིད་སིའི་སི་ཀྲང་ཀྲུང་གོ་རྒྱལ་སྤྱིའི་དབུལ་སྐྱོར་ལྟེ་གནས་ཀྱི་ཀྲུའུ་རེན་ཙུའོ་ཁྲང་ཧྲེང་གིས་འཕེལ་རྒྱས་རོགས་ཟླ་དང་མཉམ་དུ་དབུལ་པོ་ཉུང་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་མཉམ་སྤྱོད་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཀྲུང་གོའི་ཇུས་གཞི་བཏོན་པ། ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ནས་ཀྲུང་གོས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་ཐད་ཀྱི་ཁས་ལེན་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་འདོད་ཡོད་ཅེས་བརྗོད།

    ཙུའོ་ཁྲང་ཧྲེང་གིས་2019ལོའི་ཀྲུང་གོའི་དབུལ་སྐྱོར་རྒྱལ་སྤྱིའི་གླེང་སྟེགས་ཐོག་གོང་གསལ་གྱི་གནས་ཚུལ་དེ་དག་བརྗོད་པ་དང་། ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“དབུལ་པོ་ཉུང་གཏོང་གི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་གོ་ལ་ཧྲིལ་པོའི་དབུལ་ཕོངས་བཅོས་སྒྲིག་ལ་རམ་འདེགས་བྱེད་པ”དེ་རེད།

    ཐེངས་འདིའི་གླེང་སྟེཌ་ཐོག“གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་དཔེ་མཚོན་འཚོལ་བསྡུའི་བྱེད་སྒོ”སྐབས་དང་པོའི་བྱ་དགའ་ཐོབ་པའི་མིང་ཐོ་ཁྱབ་བསྒྲཌ་བྱས་ཤིང་། སི་རི་ལན་ཁ་དང་། ཁུ་པ། རྒྱ་གར་སོཌ་རྒྱལ་ཁབ་19ཡི་དབུལ་པོ་ཉུང་གཏོང་གི་དཔེ་མཚོན་110ལ་བྱ་དགའ་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།