[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་པུའུ་ཀྲང་གི་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་བཅུ་པ་ཐེ་ལན་གྱི་པང་ཁོག་ཏུ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-19

     ཚེས་17ཉིན་གྱི་སྔ་དྲོ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་སྲུང་པུའུ་ཀྲང་གི་དངོས་གཞི་མིན་པའི་མཇལ་འཛོམས་ཐེངས་བཅུ་པ་ཐེ་ལན་གྱི་པང་ཁོག་ཏུ་བྱས་ཤིང་། ཚོགས་འདུ་དེ་ཀྲུང་གོའི་རྒྱལ་དོན་ཨུ་ཡོན་རྒྱལ་སྲུང་པུའི་པུའུ་ཀྲང་གཅིག་ལྕོགས་ཝུའེ་ཧྥེང་ཧོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཐེ་ལན་གྱི་ཙུང་ལི་གཞོན་པ་པཱ་ཝུའེ་ཡིས་མཉམ་དུ་གཙོ་སྐྱོང་བྱས་པ་རེད།

    ཝུའེ་ཧྥེང་ཧོ་ཡིས་འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཕྱོགས་གཉིས་པོའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཧུར་ཐག་བྱས་པས་འགོག་སྲུང་ལས་དོན་གྱི་བདེ་འཇགས་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ཕྱོགས་གཉིས་པོས་མཉམ་འགུལ་དམ་ཟབ་མཐའ་འཁྱོངས་ཀྱིས་ཕྱོགས་གཉིས་དང་ཕྱོགས་མང་གི་ཡུལ་དུས་སུ་འབྲེལ་གཏུག་གཏིང་ཟབ་བྱས་ནས་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་། གཉིས་ཕན་མཉམ་ལས་མཐའ་འཁྱོངས་ཀྱིས་མཚོ་ཐོག་མཉམ་འབྲེལ་ནང་སྦྱོང་ཐེངས་གཉིས་དང་འགོག་སྲུང་ལས་དོན་གྱི་ཇུས་འདོན་ཚོགས་པའི་སྤེལ་རེས་ཐོག་མ་བྱས་ནས་གཉིས་ཕན་གྱི་རྣམ་པ་མཉམ་དུ་བཏོད་པ། ཕན་ཚུན་ལྷག་བསམ་ཟོལ་མེད་མཐའ་འཁྱོངས་ཀྱིས་གཞོན་དར་དམག་དཔོན་གྱི་མཛའ་གྲོགས་སྤེལ་རེས་ཐོག་མ་བྱས་ནས་མཛའ་གྲོགས་ཟབ་ཏུ་བཏང་བ། འཆམ་མཐུན་མཆོག་ཏུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ནུས་ལྡན་བྱེད་པ་དང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞི་བདེའི་དུས་བབ་སྲུང་སྐྱོང་བྱས་ཡོད་ཅེས་བརྗོད།

    ཝུའེ་ཧྥེང་ཧོ་ཡིས་མིག་སྔར་ཀྲུང་གོའི་འཕེལ་རྒྱས་དུས་རབས་གསར་པར་སླེབས་པ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འཕེལ་རྒྱས་དུས་མཚམས་གསར་པར་སླེབས་ཡོད། ཀྲུང་གོས་སྔར་རྒྱུན་བཞིན་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཅིག་མཐུན་འདུས་གྲུབ་གཏོད་པ་དང་ས་ཁོངས་མཉམ་ལས་ཁྲོད་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལྟེ་བའི་གནས་བབ་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འཛམ་གླིང་གི་འགྱུར་ལྡོག་ཆེན་པོར་ཕྱོགས་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ངེས་པར་དུ་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རིམ་པ་ཁག་གི་འགོག་སྲུང་ལས་དོན་སྤེལ་རེས་འཆར་ཅན་ངང་བྱེད་པ་དང་། མཚོ་ཐོག་གི་མཉམ་འབྲེལ་ནང་སྦྱོང་མུ་མཐུད་བྱེད་པ། མི་སྣ་གསོ་སྦྱོང་དང་། གོ་མཚོན་ལག་རྩལ། གནོད་འཚེའི་རོགས་སྐྱོབ། འཇིགས་རྒོལ་བརྟན་སྲུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ། ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱས་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།