[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • དུས་ཚིགས་གསུམ་པར་རི་པིན་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་0.2%འཕར་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-20

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་14ཉིན། རི་པིན་གྱི་ནང་བློན་ཁང་གིས་སྤེལ་བའི་བསྡོམས་རྩིས་སྙན་ཞུ་ལས་མངོན་པར་གཞིགས་ན། 2019ལོའི་དུས་ཚིགས་གསུམ་པར་རི་པིན་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)དུས་མཚུངས་ལས་0.2%འཕར་ཡོད།

    སྙན་ཞུའི་ནང་མངོན་དོན། ནང་མཁོ་འཕར་སྣོན་རྒྱུན་འཁྱོངས་ཐུབ་པས། རི་པིན་གྱི་དུས་ཚིགས་གསུམ་པའི་GDPདུས་ཚིགས་གོང་མའི་དུས་མཚུངས་ལས་0.1%འཕར་བའི་ནང་རི་པིན་གྱི་དཔལ་འབྱོར་བསྡུར་ཚད་60%ཙམ་ཟིན་པའི་མི་སྒེར་གྱི་འཛད་སྤྱོད་དུས་ཚིགས་གོང་མའི་དུས་མཚུངས་ལས་0.4%འཕར་བ་དང་ཁེ་ལས་སྒྲིག་ཆས་ཐད་ཀྱི་མ་འཇོག་དུས་ཚིགས་གོང་མའི་དུས་མཚུངས་ལས་0.9%འཕར་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།