[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཀྲུང་ཧྥའི་ཆིང་ནུས་མཉམ་ལས་ཀྱི་རྣམ་གྲངས་ཐོག་མ་ཧྲང་ཧའེ་རུ་གཞི་ཚུགས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-20

    ཉིན་ཤས་གོང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཧྲང་ཧའེ་རྡོ་སྣུམ་གྱིས“སྣུམ་ཆིང་མཉམ་སྐྲུན་རྣམ་གྲངས་ལས་མཇུག་འགྲིལ་བ་དང་ཚོད་ལྟ་འཁོར་རྒྱུག་གི་མཛད་སྒོ”གཉེར་ཞིང་། འདི་ནི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་རིང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མཱ་ཁེ་ལུང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་དང་ཧྥ་རན་སེའི་གཤེར་འགྱུར་མཁའ་རླུང་ཚོགས་པས་ཀྲུང་གོར་ཆིང་ནུས་འཕེལ་རྒྱས་བཏང་བའི་རྣམ་གྲངས་དོན་ཐོག་ཏུ་འཁྱོལ་ཐེངས་ཐོག་མ་དེ་ཡིན་པའི་བདེན་དཔང་གནང་ཞིང་། སྣུམ་ཆིང་མཉམ་སྐྲུན་ས་ཚིགས་གཉིས་པོ་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་ཚོང་ལས་ཅན་གྱི་སྣུམ་དང་ཆིང་བླུགས་པའི་ཞབས་ཞུ་མཁོ་འདོན་བྱེད་པའི་ཕྱོགས་བསྡུས་བྱེད་ནུས་ཀྱི་ས་ཚིགས་ཤིག་ཡིན་པ་དང་། རྣམ་གྲངས་དེས་ཧྲང་ཧའེ་ཆིང་ནུས་གྲུ་ཁ་དང་། ཧྲང་ཧའེ་ཡི་ཆིང་བར་ཁྱམས། འབྲི་ཆུའི་འགག་གསུམ་གྱི་ཆིང་བར་ཁྱམས་བཅས་གཏོད་རྒྱུར་སྟོབས་ཤུགས་བསྣན་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།