[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>དུས་ཐོག་གསར་འགྱུར།
  • ཧྲེན་ཀྲེན་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-20

    681358_yis_1574139168789.jpg

    ཟླ་11ཚེས་16ཉིན་དབྱི་ཐ་ལིའི་ཏུའུ་ལིན་དུ་འཚོགས་པའི་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས(FISU)ཀྱི་སྐབས་36པའི་སྐབས་བརྗེའི་འཐུས་མི་ཚོགས་ཆེན་ཐོག་ཀྲུང་གོའི་སློབ་ཆེན་སློབ་མའི་ལུས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེན་ཀྲེན་ལ་འདེམས་ཤོག་མཐོ་པོའི་ཐོག་ནས་རེས་སྐོར་དང་པོའི་སྐབས་གསར་པའི་FISUཡི་ཀྲུའུ་ཞི་གཞོན་པར་གྲུབ་འབྲས་ཐོབ་པའི་ངང་བདམས་ཐོན་བྱུང་ཡོད་པ་རེད། ད་ཐེངས་ཀྱི་འཐུས་མི་ཚོགས་ཆེན་ཐོག ཁྲེང་ཏུའུ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཝང་ཕིང་ཅང་གིས་2021ལོའི་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་ཀའི་དུས་མཚམས་རང་བཞིན་གྱི་ལས་དོན་སྙན་སེང་ཞུས་པ་རེད།

    འདི་ནི་གསར་དུ་བདམས་ཐོན་བྱུང་བའི་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེན་ཀྲེན(གཡས་ཀྱི་དང་པོ)དང་ལག་བསྟར་ཨུ་ལྷན་གྱི་ཁོངས་མི་ཁག་གཅིག་མཉམ་དུ་བརྒྱབ་པའི་པར་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།