[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>འཛམ་གླིང་གིས་བོད་ལ་ལྟ་བ།
  • གཞིས་རྩེ་མི་རིཌ་སྒྱུ་རྩལ་ཚོཌ་པས་སུའེ་ཙེར་རུ་འཁྲབ་སྟོན་ཐོག་མ་བྱས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-02-23

    ཀྲུང་གོ་བོད་རང་སྐྱོང་ལྗོངས་གཞིས་རྩེ་མི་རིགས་སྒྱུ་རྩལ་འཐུས་མི་ཚོགས་པས་ཚེས་20ཉིན་སུའུ་ལི་ཧྲི་རྒྱལ་སྤྱིའི་ཚོགས་རར་འཁྲབ་སྟོན་ཐོག་མ་བྱས་པ་དང་དེར་ཡོད་པའི་བོད་རིགས་སྤུན་ཟླ་དང་། ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི། དེ་བཞིན་ཕྱི་རྒྱལ་གྱི་མཛའ་གྲོགས་བཅས་300ལྷག་ཙམ་ལ་བོད་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་རིག་རྩལ་ལེ་ཚན་གྱི་སྟོན་མོ་བཤམས་པ་རེད།

    བརྗིད་ཉམས་ལྡན་པའི་ལྷ་མོ《རྔོན་པའི་འདོན》ལས་དེ་ཉིན་གྱི་འཁྲབ་སྟོན་འགོ་ཚུགས་ཤིང་། སྐྱེས་པའི་རྐྱང་གཞས《བཀྲ་ཤིས་ལོ་གསར》དང་། བོད་རིགས་ཀྱི་དམངས་གཞས《ཇོ་མོ་གླང་མར་བསྟོད་པ》སོགས་ལས་མི་ཚོས་བདེ་སྐྱིད་ལྡན་པའི་འཚོ་བར་རེ་འདོད་བྱེད་པ་མཚོན་ཡོད། དམངས་ཁྲོད་ཞབས་བྲོ《ཕ་ཡུལ་གྱི་དཔྱིད་རླུང》དང་། 《ཐག་རིང་གི་འབོད་སྒྲ》སོགས་ལས་བོད་རིགས་ན་གཞོན་ཕོ་མོའི་ལང་ཚོའི་གསོན་ཤུགས་མངོན་པ་དང་དུས་ཆེན་གྱི་དགའ་སྟོན་དང་མི་རིགས་རིག་གནས་ཡུན་ནས་ཡུན་དུ་གནས་ཐུབ་པའི་རེ་འདུན་མཚོན་ཡོད། འཁྲབ་སྟོན་མཇུག་འགྲིལ་རྗེས་བོད་རིཌ་སྤུན་ཟླ་མི་ཉུང་བ་ཞིག་གིས་འཁྲབ་སྟོན་པ་ཚོར་ཁ་བཏགས་སྒྲོན་ཏེ་ཁོང་ཚོས་བོད་ཀྱི་ལོ་གསར་རིང་ཕ་ཡུལ་གྱི་གླུ་གཞས་ལེན་པ་དང་ཞབས་བྲོ་འཁྲབ་པའི་རྣམ་པའི་ཐོག་ནས་འཚམས་འདྲི་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    གཞིས་རྩེ་མི་རིགས་སྒྱུ་རྩལ་འཐུས་མི་ཚོགས་པའི་ཚོགས་གཙོ་བོད་ལྗོངས་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་མཐུན་ཚོགས་ཀྱི་ལས་འཛིན་པ་བསྟན་འཛིན་དངོས་སྒྲུབ་ཀྱིས། ད་ཐེངས་ལེགས་འདེམས་བྱས་པའི་ལེ་ཚན་དག་རྣམ་པ་དང་ནང་དོན་ཚང་མར་མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པ་དང་ཁག་གཅིག་ད་དུང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་བཅུག་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པ་དང་དེའི་རྒྱུན་འཛིན་དང་སྲུང་སྐྱོང་ཐད་ཚད་མཐོའི་མཐོང་ཆེན་ཐོབ་ཡོད། དུས་མཚུངས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཕྱི་རྒྱལ་དུ་དར་རྒྱས་གོང་འཕེལ་བཏང་ནས་ཕྱི་རྒྱལ་གྱི་སྤུན་ཟླ་ཚོར་མེས་རྒྱལ་གཉེན་ཉེ་ཚོའི་བརྩེ་སེམས་ཟབ་མོ་དང་སྨོན་འདུན་ཚོར་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་རེད།

    གཞིས་རྩེ་མི་རིཌ་སྒྱུ་རྩལ་འཐུས་མི་ཚོགས་པ་ནི་སུའུ་ལི་ཧྲི་དང་ལེགས་ཐན་སི་ཐེན་གུང་རིམ་གྱི་རྒྱལ་ཕྲན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གདན་ཞུས་ལྟར་ཚེས་19ཉིན་སུའེ་ཙེར་སུའུ་ལི་ཧྲིར་སླེབས་པ་ཞིག་ཡིན་ཞིང་། སླད་ཕྱིན་ཉིན་ཁ་ཤས་ནང་འཐུས་མི་ཚོགས་པས་ལེཌ་ཐན་སི་ཐེན་དང་འཇར་མན་དུ་བསྐྱོད་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་རིམ་སྤེལ་མཉམ་སྤྲོའི་བྱེད་སྒོར་ཞུཌ་རྒྱུ་ཡིན་པ་རེད།   

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།