[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>འཛམ་གླིང་གིས་བོད་ལ་ལྟ་བ།
  • “གསར་གཏོད་སྙིང་སྟོབས་ལ་བརྟེན་ནས་བོད་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས”

    རྒྱ་གར་གྱི《རྒྱ་གར་གྱི་ཕོ་ཉའི་ཚགས་པར》གྱི་མཐོ་རིམ་གསར་འགོད་པ་སྨི་ཝ་ཐིར་བཅར་འདྲི་བྱས་པའི་སྐོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-07-18

    “2016ལོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཁྲོད། དུས་ཡུན་རིང་པོའི་ནང་སྨྱན་སྦྱོར་སོགས་ཀྱི་བརྒྱུད་ལམ་སྣ་ཚོགས་བརྒྱུད་བོད་ལ་དོ་སྣང་དང་དོ་ཁུར་བྱེད་མཁན་བོད་ཀྱི་མཛའ་གྲོགས་མང་པོ་ཞིག་སླེབས་ཡོད་ཅིང་ཁོང་ཚོར་བོད་ཀྱི་འཕེལ་རྒྱས་ཐད་ལ་ལྟ་ཚུལ་ཟབ་མོ་ཤོད་རྒྱུ་ཡོད། ད་རེས་གླེང་སྟེགས་བརྒྱུད་ཁོང་ཚོར་བོད་ལ་ཡར་རྒྱས་བྱུང་ཚུལ་མིག་མཐོང་ལག་ཟིན་དང་རང་ངོ་མས་ཚོར་ཐུབ་པའི་གོ་སྐབས་ཐོབ་ཅིང་། 《རྒྱ་གར་གྱི་ཕོ་ཉའི་ཚགས་པར》གྱི་མཐོ་རིམ་གསར་འགོད་པ་སྨི་ཝ་ཐི་ནི་ཁོང་ཚོའི་གྲས་ཤིག་ཡིན།

    སྨི་ཝ་ཐིས་ཀྲུང་གོ་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་ལ་བརྟེན་ནས་བོད་འདི་ཀྲུང་གོའི་ས་ཁུལ་གཞན་དང་མཉམ་དུ་འཕེལ་རྒྱས་ཀྱི་མྱུར་ལམ་ཐོག་སྐྱོད་བཞིན་ཡོད། བོད་འཕེལ་རྒྱས་དང་ཡར་རྒྱས་བྱུང་བ་ལས། གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་ཐུབ་པ་མངོན་ཡོད་ཅེས་བཤད།

    ཁོང་གིས་འདས་པའི་ལོ་20ཡི་རིང་བོད་ལ་བྱུང་བའི་འཕེལ་རྒྱས་ཀྱིས་ཀྲུང་གོའི་དཔལ་འབྱོར་ཧྲིལ་པོའི་འཕེལ་རྒྱས་མངོན་པ་དང“གསར་སྤེལ་བྱེད་སྟངས་གསར་གཏོད”ལས་ཕན་པ་བྱུང་བ་ཞིག་ཡིན། བོད་ལ་ངོ་མཚར་བའི་འཕེལ་རྒྱས་འདི་ལྟ་བུ་བྱུང་བ་ནི་ཀྲུང་གོ་སྲིད་གཞུང་གིས་འབད་བརྩོན་ཆེན་པོ་བྱས་པར་བརྟེན་ཁེ་ལས་ཀྱི་ཐོན་སྐྱེད་ལ་སྐུལ་མ་ཐེབས་པའི་འབྲས་བུ་ཡིན། ལོ་20རིང་གི་འཕེལ་རྒྱས་བརྒྱུད་ས་ཁུལ་འདི་གའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་ཐུབ་པ་དང་། མ་འཇོག་དང་འཛད་སྤྱོད་ལའང་སྐུལ་སྤེལ་ཐུབ་པ་དང་ཆབས་ཅིག་ལས་ཞུགས་ཀྱི་གོ་སྐབས་གསར་པ་ཐོབ་ནས་མི་དང་མིའི་དབར་གྱི་སྤེལ་རེས་ཀྱང་མགྱོགས་སུ་ཕྱིན་ཡོད། དེས་མ་ཟད་ཀྲུང་གོ་སྲིད་གཞུང་གིས་ནང་སའི་ཐོན་ཁུངས་ཟམ་མི་ཆད་པར་དྲངས་ནས་བོད་ཀྱི་ཐོན་སྐྱེད་དང་འཚོ་བའི་མཐུན་རྐྱེན་ཇེ་ལེགས་སུ་བཏང་ཡོད་ཅེས་བཤད།

    སྨི་ཝ་ཐིས“ཀྲུང་གོ་སྲིད་གཞུང་གིས་དགེ་མཚན་ལྡན་པའི་ཐབས་ལམ་ལ་བརྟེན་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ་བོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་པའི”བྱ་ཐབས་མང་པོ་སྤྱད་པར་བསྔགས་བརྗོད་ཆེན་པོ་བྱས་ཡོད། ཁོང་གིས“མཚོ་བོད་ལྕགས་ལམ”ནི་ལོ་རྒྱུས་ཐོག་སྤོབས་པ་གཟེངས་སུ་མཐོ་བའི་སྒོ་ནས་ལྕགས་ལམ་འདིང་བའི་ཚོད་ལྟ་ཞིག་ཡིན་པས། མེ་འཁོར་ནང་བསྡད་དེ་ཡུལ་སྐོར་ལ་འགྲོ་སྐབས་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་མཛེས་ལྗོངས་ཀྱིས་ཡིད་དབང་རབ་ཏུ་འཕྲོག་ནས་བག་ཆགས་ཟབ་མོ་བཞག་བྱུང་། དེ་འདྲའི་ཀྲུང་གོའི་མེ་འཁོར་ཡག་ཤོས་ནང་སྤུས་ལེགས་ཀྱི་ཞབས་ཞུ་མྱོང་བཞིན་དུ་བོད་ལ་བསྐྱོད་པ་ནི་ཅི་འདྲའི་བདེ་བ་ཆེ་བ་ཞིག་ཡིན་པ་སྨོས་ཅི་དགོས་ཞེས་བཤད།

    སྨི་ཝ་ཐིས་བོད་རང་སྐྱོང་ལྗོངས་ཀྱིས་ལོ་ལྔའི་འཆར་འགོད་ནང་དབུལ་ཕོངས་ཉུང་དུ་གཏོང་རྒྱུ་ཡིན་པར་དོ་སྣང་བྱུང་། དེ་ནི“ཀྲུང་གོ་སྲིད་གཞུང་གིས་བོད་མི་མང་པོར་དཔལ་འབྱོར་འཕེལ་རྒྱས་བཏང་བ་ལས་ཕན་པ་ཐོབ་པར་བྱ་རྒྱུར་མཐོང་ཆེན་དང་ཁས་ལེན་བྱས་པ་ཞིག་ཡིན། བྱེད་སྟངས་དེ་ལས་བོད་ནི་མི་རིགས་མང་བའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཁ་འབྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན་པའང་མཚོན་ཡོད”ཅེས་བཤད།

    སྲོལ་རྒྱུན་དང་དེང་རབས་སྐོར་ལ་སྨི་ཝ་ཐིས་ཀྲུང་གོའི་སྤྱི་པའི་སློབ་གསོའི་སྒྲིག་གཞིས་བོད་ཀྱི་རིག་གནས་དང་། སྐད་ཡིག ཆོས་ལུགས་བཅས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུར་འབད་བརྩོན་ཆེན་པོ་བྱས་ཡོད་པས། བོད་ཀྱི་རིག་གནས་ལ་དུས་རབས་གསར་པའི་གསོན་ཤུགས་དང་ནུས་སྟོབས་རྒྱས་ནས་དར་རྒྱས་འགྲོ་བའི་ཁར་ནང་དོན་ཡང་ཕུན་ཚོགས་ཇེ་ཚོགས་དང་གསར་གཏོད་བྱེད་ལམ་མང་བར་གྱུར་ནས་བོད་མི་རིགས་ཀྱི་འཚོ་བ་དང་བོད་དེང་རབས་སུ་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་འདུག་ཅེས་བཤད།

    སྨི་ཝ་ཐིས“ཀྲུང་གོ་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་མཚོ་བོད་ས་མཐོའི་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རྒྱལ་ཁབ་ཧྲིལ་པོའི་ཁེ་ཕན་དང་འབྲེལ་བའི་ནང་འཇོག་པའི་ངོས་འཛིན་གཅིག་མཐུན་བྱེད་པ”དེས་བོད་འཕེལ་རྒྱས་ཡོང་བར“འབྱུང་འཕྲོད་འཕེལ་རྒྱས་ཁོ་ནར”སྔར་བས་གཞོལ་རྒྱུ་ཡིན་པར་བསྔགས་བརྗོད་བྱས་ཡོད།

    སྨི་ཝ་ཐིས་ཀྲུང་གོ་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་དམིགས་ཡུལ་ནི། བོད་ཀྱི་སྤྱི་ཚོགས་དང་། དཔལ་འབྱོར། ཁོར་ཡུག་བཅས་ཕྱོགས་ཡོངས་ནས་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུ་དེ་ཡིན་པར་བརྟེན། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚོད་ངེས་ཅན་ཞིག་སླེབས་པ་དེས་བོད་འདི་ཀྲུང་གོའི་ནང་ས་དང་གོ་ལའི་དཔལ་འབྱོར་དང་འབྲེལ་འདྲིས་ཐུབ་རྒྱུར་རྨང་གཞི་སྔར་བས་བརྟན་པོ་ཞིག་འདིང་ཐུབ་པའི་ངོས་འཛིན་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།