[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>འཛམ་གླིང་གིས་བོད་ལ་ལྟ་བ།
  • “སློབ་གསོར་བརྟེན་ནས་བོད་ལྗོངས་མི་དམངས་ལ་འཚོ་བ་གསར་པ་བཏོད་པ”

    འཇར་མན་ཧན་པའོ་ཡེ་ཤུའི་ཆོས་ལུགས་དམངས་གཙོའི་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཨུ་ལྷན་གྱི་ཀྲུང་གོའི་གནད་དོན་ཐད་ཀྱི་རིགས་གཅིག་མཁས་ཅན་མཱ་ཁུའུ་སི·ལུའོ་ཏའོ་ཧྥུའུ་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2016-07-19

    ཀྲུང་གོའི་གནད་དོན་ཐད་ཀྱི་རིགས་གཅིག་མཁས་ཅན་ཞིག་ཡིན་པའི་ཆ་ནས། འཇར་མན་ཧན་པའོ་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཨུ་ལྷན་གྱི་སྐུ་ཞབས་མཱ་ཁུའུ་སི·ལུའོ་ཏའོ་ཧྥུའུ་ཡིས“2016·བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཐོག་ཚོགས་ཆེན་གྱི་སྤེལ་རེས་གཏམ་བཤད་གནང་བ་རེད། ཁོང་གིས་སློབ་གསོའི་ཕྱོགས་ནས་བོད་འཕེལ་རྒྱས་ཀྱི་སྐོར་གླེང་ཞིང་། གྲངས་གཞི་དང་དཔེ་རིས་འབོར་ཆེན་ལ་དབྱེ་ཞིབ་བྱས་པ་བརྒྱུད་1951ལོ་ཚུན་གྱི་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་ཕྱིར་ལྟ་བྱས་རྗེས། འོས་འགན་སློབ་གསོ་ཁྱབ་གདལ་དང་། ལས་རིགས་སློབ་གསོ་དང་དེ་བཞིན་མཐོ་རིམ་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་བ་དེས་བོད་དེང་རབས་ཅན་དུ་འགྱུར་རྒྱུ་དང་བོད་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་པ་དང་། མི་དམངས་ཀྱི་བདེ་སྐྱིད་འགན་ལེན་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད་པ་དང་། དེ་དང་ཆབས་ཅིག་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་རིན་ཐང་ལྟ་བ་རྒྱུན་འཛིན་ཐད་དང་དེ་བཞིན་མི་རབས་རྗེས་མའི་ཆེད་དུ་ཁོར་ཡུག་ལ་སྲུང་སྐྱོང་ཐད་ཀྱང་སློབ་གསོས་ནུས་པ་གལ་ཆེན་ཐོན་འདུག་ཅེས་སྡོམ་ཚིག་བཀོད་པ་རེད།

    “སློབ་གྲྭའི་སློབ་གསོ་དང་ལས་རིགས་སློབ་གསོས་བོད་ཀྱི་མི་དམངས་ལ་འཚོ་བ་གསར་རྐྱང་བཏོད་པ་དང་ཆབས་ཅིག སློབ་གསོ་ཡག་པོ་དང་ལེན་དང་། ལག་རྩལ་སྣ་རེ་ཁོང་དུ་ཆུད་པར་བྱེད་པ། སྐད་བརྡའི་ནུས་པར་ཤུགས་སྣོན་རྒྱག་པ་བཅས་བྱས་པ་དེས་མི་སྒེར་གྱི་གདེང་ཚོད་ཆེ་རུ་གཏོང་རྒྱུར་ཕན་པ་མ་ཟད། བོད་མི་རིགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་མཐོ་རུ་ཡང་གཏོང་ཐུབ”ཅེས་མཱ་ཁུའུ་སི·ལུའོ་ཏའོ་ཧྥུའུ་ཡིས་གསུངས་པ་རེད།

    མཱ་ཁུའུ་སི·ལུའོ་ཏའོ་ཧྥུའུ་ཡིས། སློབ་གསོ་ཡག་པོ་ནི་བོད་ཀྱི་འབྱུང་འགྱུར་དར་རྒྱས་ཡོང་བའི་འགག་རྩ་ཡིན་པའི་ངོས་འཛིན་གནང་བ་རེད།

    ཁོང་གིས། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སློབ་གསོ་འཕེལ་རྒྱས་གཏོང་བའི་ཐད་འབད་བརྩོན་བྱས་པར་བསྟོད་བསྔགས་གནང་བ་སྟེ། རྒྱལ་ཁབ་ཅིག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དེ་སློབ་གསོར་རག་ལུས་པ་དང་། ནོར་སྲིད་དང་མི་ཤུགས་ཐད་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ནས་བོད་ཀྱི་སློབ་གསོའི་མ་ལག་རིམ་བཞིན་གཞི་ཚུགས་པ་དང་། ཀྲུང་གོ་སྲིད་གཞུང་གིས་བོད་དུ་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སློབ་གྲྭ་བརྒྱ་ལྷག་ཙམ་བསྐྲུན་ཏེ་ཡིག་རྨོངས་སེལ་བའི་ངོས་འཛིན་གནང་བ་རེད།

    མཱ་ཁུའུ་སི་·ལུའོ་ཏའོ་ཧྥུའུ་ཡིས། ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་ནི་བོད་ཀྱི་དོན་དངོས་དང་འཚམས་པའི་བྱ་ཐབས་ཤིག་ཡིན། 1998ལོར་བོད་ཀྱི་ལས་རིགས་སློབ་གྲྭ་དང་པོ་དེ་ལྷ་སར་བཙུགས་པ་ནས་བཟུང་བོད་ཀྱི་ན་གཞོན་མང་པོས་ལས་རིགས་ལག་རྩལ་སྦྱངས་ནས་ཕྱིས་འབྱུང་ལས་ཞུགས་ཁྲོམ་རའི་ནང་ལས་ཀ་རག་ཐུབ་པ་ཡོང་བ་བྱེད་ཀྱི་ཡོད་ཅེས་བཤད།

    མཱ་ཁུའུ་སི·ལུའོ་ཏའོ་ཧྥུའུ་ཡིས་བོད་ལ་གསར་དར་ཐོན་ལས་ལས་བྱུང་བའི་ལས་ཞུགས་རྣམ་པར་འགྱུར་ལྡོག་འགྲོ་བར་དོ་སྣང་བྱུང་བ་དཔེར་ན། ནུས་ཁོངས་ཁྱབ་ཁོངས་ཁྲོད་ལག་རྩལ་གསར་པས་ངལ་རྩོལ་གྱི་དགོས་མཁོ་ཇེ་ཆེར་འགྲོ་བ་དང་ལྷག་པར་དུ་ལག་རྩལ་པ་དགོས་མཁོ་དེ་བས་ཆེ། དེས་མ་ཟད་རྒྱ་ཆེའི་གྲོང་གསེབ་ཁུལ་དུ་གློག་དང་སོལ་རླངས་ཁྲིད་པར་སྦྱོང་བརྡར་ཐེབས་པའི་གློག་ལས་བཟོ་པ་དགོས་པ་དང་ཚོང་ལས་དོ་དམ་ལའང་དེའི་ཆེད་ལས་ཤེས་ལྡན་པ་དགོས་མཁོ་ཆེ་བ་ལྟ་བུས་ལས་རིགས་སློབ་གསོའི་འབྱུང་འགྱུར་ལ་མདུན་ལམ་ཡངས་པོ་ཞིག་ཕྱེ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།