[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>གནའ་དེང་གླེང་བ།
  • ལོ་སིར་བསྐྱོད་མཁན་ཀྲུང་གོའི“ཞི་བདེའི་མེ་འཁོར—2017ལོའི”སྨན་བཅོས་རུ་ཁག་གིས་སྨན་བཅོས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-29

    420084_yis_1501216791243.jpg

    ཟླ་7ཚེས་27ཉིན། ལོ་སིའི་རྒྱལ་ས་ཝན་ཐེན་དུ་ལོ་སིར་བསྐྱོད་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི“ཞི་བདེའི་མེ་འཁོར”ཞེས་པའི་སྨན་བཅོས་རུ་ཁག་གི་རུ་མིས(གཡས་ཀྱི་དང་པོ)ལོ་སིའི་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ལོ་སིར་བསྐྱོད་མཁན་ཀྲུང་གོའི“ཞི་བདེའི་མེ་འཁོར—2017ལོའི”སྨན་བཅོས་ཞབས་ཞུའི་བྱེད་སྒོ་ཚེས་27ཉིན་འགོ་ཚུགས་པ་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་ལོ་སིར་མངགས་གཏོང་བྱས་པའི“ཞི་བདེའི་མེ་འཁོར”སྨན་བཅོས་རུ་ཁག་གིས་ས་གནས་དེ་གའི་དམག་དམངས་ལ་འོས་འགན་སྨན་བཅོས་དང་། སྨན་བཅོས་ཞབས་ཞུ། རིག་གཞུང་སྤེལ་རེས་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།

    འགོ་ཚུགས་མཛད་སྒོ་ལོ་སིའི་རྒྱལ་ས་ཝན་ཐེན་དང་བྱང་རྒྱུད་ལང་ནན་ཐ་ཞིང་ཆེན་དུ་དུས་གཅིག་ཏུ་འཚོགས་ཤིང་། ཀྲུང་དབྱང་དམག་ཨུད་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་པུའུ་ཡི་འཕྲོད་བསྟེན་ཅུས་དང་། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དྲག་དཔོན་ཁྲུའུ། ལོ་སིའི་རྒྱལ་སྲུང་པུའི་ཕྱི་དོན་ཅུས། ལོ་སི་མི་དམངས་དམག་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་བཅས་དང་། དེ་བཞིན་ལང་ནན་ཐ་ཞིང་ཆེན་དམག་ཁུལ་གྱི་དཔོན་རིགས། སྨན་བཅོས་རུ་ཁག་གི་ཁོངས་མི་ཡོངས་དང་ལོ་སིའི་དམག་དཔུང་གི་སྨན་དོན་མི་སྣ་སོགས་300ལྷག་ཙམ་གྱིས་ས་གནས་གཉིས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་གཉིས་དང་དམག་དཔུང་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཕྱིར་དྲན་བྱས་པ་དང་འབྲེལ་ད་ཐེངས་ཀྱི་སྨན་བཅོས་ཞབས་ཞུ་བདེ་བླག་ངང་སྤེལ་ཐུབ་པའི་སྨོན་འདུན་ཞུས་པ་རེད།

    ལོ་སི་མི་དམངས་དམག་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའི་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་པོ་ཞེང་གིས་ཝན་ཐེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་བརྗོད་སྐབས། ཕྱིའི་དགྲ་ཡའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་རྒྱལ་སྐྱོབ་འཐབ་རྩོད་ཀྱི་དུས་སྐབས་སམ་ཡང་ན་དེང་གི་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་དུས་སྐབས་སུ་ཀྲུང་གོའི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་སྔ་ཕྱི་བར་གསུམ་དུ་ལོ་སི་ཕྱོགས་ལ་རྒྱབ་སྐྱོར་བྱས་ཡོད། ཀྲུང་གོས་ད་ཐེངས་གཞི་ཁྱོན་དེ་ལྟ་བུའི་སྨན་དོན་མི་སྣ་ལོ་སིར་མངགས་གཏོང་བྱས་པ་ལས། ཀྲུང་གོས་ལོ་སིར་ཕུལ་བའི་སྒེར་སེམས་མེད་པའི་ལེགས་སྐྱེས་དང་ལྷག་བསམ་དག་པའི་མཛའ་སེམས་གང་ལེགས་མཚོན་ཡོད། ང་ཚོས་ཀྱང་ནུས་ཤུགས་གང་ཡོད་བཏོན་ནས་ཀྲུང་གོ་ཕྱོགས་ཀྱི་སྨན་དོན་མི་སྣས་བླ་ན་མེད་པའི་འོས་འགན་ལེགས་གྲུབ་བྱ་རྒྱུར་སྟབས་བདེ་གང་ལེགས་བསྐྲུན་རྒྱུ་ཡིན་ཞེས་བཤད།

    “ཞི་བདེའི་མེ་འཁོར—2017ལོའི”སྨན་བཅོས་ཞབས་ཞུ་བྱེད་སྒོའི་དམག་ཨུད་ལས་ཁུངས་བཀོད་འདོམས་མཐུན་སྦྱོར་ཚོགས་ཆུང་གི་འགན་ཁུར་མི་སྣ་ཝང་ཏ་ལིན་གྱིས་ད་ཐེངས་ལོ་སིར་སྨན་བཅོས་ཞབས་ཞུའི་བྱེད་སྒོ་སྤེལ་ནས་རང་རེའི་དམག་དཔུང་གི“ནད་བཅོས་སྲོག་སྐྱོབ”ཀྱི་དམིགས་ཡུལ་རྒྱུན་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལོ་སིའི་དཔོན་དམག་དང་དམངས་ཚོགས་ལ་བདེ་ཐང་བསྐྲུན་རྒྱུ་དང་འབྲེལ། རྒྱལ་ཁབ་གཉིས་དང་དམག་དཔུང་གཉིས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཐད་ཀྱི་མཉམ་ལས་འཚོལ་ཞིབ་ཧུར་ཐག་བྱས་ནས“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་འགྲུབ”གཏོད་པའི་ཆེས་བླ་ན་མེད་པའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་བཤད། ལོ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དྲག་དཔོན་ཏ་ཞའོ་ཁྲེན་ཡུང་ཅིན་གྱིས་ཤིས་ཚིག་གསུང་སྐབས། ད་ཐེངས་ལོ་སིར་སྤེལ་བའི“ཞི་བདེའི་མེ་འཁོར—2017ལོའི”སྨན་བཅོས་ཞབས་ཞུའི་བྱེད་སྒོ་དེ་ནི་རྒྱལ་ཁབ་གཉིས་པོ་དང་དམག་དཔུང་གཉིས་པོའི་མཛའ་གྲོགས་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་བ་དང་ཕན་ཚུན་ཤེས་རྟོགས་དང་། ཡིད་ཆེས། མཛའ་གྲོགས་བཅས་ཟབ་ཏུ་བཏང་སྟེ་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་ནུས་པ་འདོན་རྒྱུ་དེ་ཡིན། ཀྲུང་གོ་ཕྱོགས་ཀྱི་སྨན་བཅོས་རུ་ཁག་གིས་སྨན་བཅོས་ཞབས་ཞུའི་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་བ་དང་ནན་ཏན་ངང་འཆར་འགོད་ཀྱི་ཇུས་གཞིར་གཞིགས་ནས་ལག་བསྟར་སྒྲིག་འཛུགས་བྱས་ཏེ་ཁྲལ་སེལ་གཏན་ནས་མི་བྱེད་པ་དང་ཡག་ཐོག་ཡག་བརྩེགས་ཀྱི་ཆེད་ལས་སྤྱོད་ཚུལ་ལས་སྐོར་སྐྱོད་སྨན་བཅོས་དང་། སྨན་བཅོས། གཤགས་བཅོས་སོགས་ཀྱི་བྱེད་སྒོ་ཁག་ཡག་པོ་སྤེལ་ཏེ་ལོ་སི་ཕྱོགས་ཀྱི་མི་སྣ་དང་མཐུན་སྦྱོར་གཞོགས་འདེགས་ཀྱིས་ལས་འགན་ཁག་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་བྱ་རྒྱུ་ཡིན་ཞེས་བཤད།

    ལོ་སིའི་དམངས་ཚོགས་ཀྱིས་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཚེས་27ཉིན་ནས་བཟུང་སྨན་བཅོས་བྱ་རྒྱུ་ཡིན་པ་ཤེས་རྗེས། ཞོགས་པ་སྔ་པོ་ནས་ཝན་ཐེན་སྨན་ཁང་103གྱི་སྒོ་འགྲམ་དུ་རུ་སྒྲིག་ནས་སྒུག་བསྡད། འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ལོ་67ལ་སླེབས་པའི་སྐྱེས་པ་ཞིག་ལ་དུས་ཚོད་སྐར་མ་90སྤྱད་ནས་དཔྱི་མིག་ལ་གཤགས་བཅོས་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྨན་བཅོས་རུ་ཁག་གཉིས་པོས་ལོ་སིའི་དམག་དམངས་ལ་འོས་འགན་སྨན་བཅོས་དང་། གཤགས་བཅོས། གཟུགས་པོ་བརྟག་དཔྱད། དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་སྨན་བཅོས་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་དང་། སྔོན་རྩིས་བྱས་ན་མི་ཐེངས་2000ལྷག་ཙམ་ལ་སྨན་བཅོས་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།