[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>གནའ་དེང་གླེང་བ།
  • “དོམ་ཁྲ་འཛམ་གླིང་དུ་སྐྱོད·མཛེས་སྡུག་ལྡན་པའི་ཀྲུང་གོ”ཞེས་པའི་སི་ཁྲོན་གྱི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་ཝི་ཨེན་ནར་སྤེལ་བ།

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-29

    ཤིན་ཧྭ་གསར་འགྱུར་ཁང་ཝི་ཨེན་ན་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། “དོམ་ཁྲ་འཛམ་གླིང་དུ་སྐྱོད·མཛེས་སྡུག་ལྡན་པའི་ཀྲུང་གོ”ཞེས་པའི་སི་ཁྲོན་གྱི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་ཚེས་26ཉིན་ཝི་ཨེན་ནར་སྤེལ་བ་རེད།

    ཝི་ཨེན་ན་གྲོང་ཁྱེར་ལྟེ་གནས་ཀྱི་ཤིར་ཏུན་ཨར་ཁང་གི་ཕྱོགས་སྟོན་བྱང་བུའི་ཐོག་མངོན་གསལ་དོད་པའི་དོམ་ཁྲའི་མཚོན་རྟགས་དང་། ཚོགས་རའི་ནང་བཟོ་དབྱིབས་མི་འདྲ་བའི་དོམ་ཁྲའི་རྩེད་ཆས་བརྒྱ་ལྷག་ཙམ། ཨར་ཁང་གི་ཕྱོགས་གང་སར་ཁྱབ་པའི་སི་ཁྲོན་གྱི་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན། ཨར་ཁང་བར་ཁྱམས་ཀྱི་བརྙན་འཕྲིན་བན་ཡོལ་ཐོག་རེས་མོས་ངང་སྟོན་པའི་སི་ཁྲོན་གྱི་ཡུལ་སྐོར་ཐོན་རྫས་འོས་སྦྱོར་བརྙན་ལམ་བཅས་སུ་དོམ་ཁྲ་བཀྲ་ཤིས་མཚོན་རྟགས་སུ་བྱས་པའི་སི་ཁྲོན་གྱི་ཡུལ་སྐོར་འོས་སྦྱོར་བྱེད་སྒོ་ཨོ་སི་ཁྲུ་རི་ཡ་ཡི་ཝི་ཨེན་ནའི་གྲོང་མིའི་འདྲེན་བྱེད་མདུན་དུ་མངོན།

    འོས་སྦྱོར་ཚོགས་འདུའི་ཐོག བཟོ་རྩལ་སྤུས་ཀ་དག་པའི་པར་དེབ་དང་བརྙན་ལམ་གྱིས་ཨོ་སི་ཁྲུ་རི་ཡའི་ཡུལ་སྐོར་ལས་རིགས་དང་དེ་བཞིན་ཝི་ཨེན་ནའི་གྲོང་མིར་ངོ་མཚར་ཆེ་བའི་སི་ཁྲོན་གྱི་ཡུལ་སྐོར་འོས་སྦྱོར་དང་ཡུལ་སྐོར་ལམ་ཐིག་གི་ཐོན་རྫས་གསར་ཤོས་ཀྱི་ཆ་འཕྲིན་མཁོ་འདོན་བྱས་པའི་ནང་། ཨོ་སི་ཁྲུ་རི་ཡའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་འཐུས་མི་ཚུད་པའི་མི་བརྒྱ་ལྷག་ཙམ་བྱེད་སྒོའི་ནང་ཞུགས་པ་རེད།

    སི་ཁྲོན་གྱི་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་སྐོར་གཟིགས་པ་ཁྲེན་ཅ་ལིན་གྱིས་ཤིས་ཚིག་ནང་སི་ཁྲོན་དུ་དོམ་ཁྲ་ཡོད་པ་མ་ཟད། ལོ་རྒྱུས་ཡུན་རིང་དང་འོད་སྟོང་འཕྲོ་བའི་རིག་གནས་ཡོད་པ་དང་གཟི་རྩ་སྡེ་དགུ་དང་ལེ་ཧྲན་གྱི་རྡོ་བརྐོས་བྱམས་ཆེན་སོགས་འཛམ་གླིང་གི་རིག་དངོས་ཤུལ་བཞག་ཁུལ་5ཡོད་པའི་ཁར། ད་དུང་འདབ་པ་དང་ཉི་བརྟེན་སོགས་རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་12ཡོད་ཅེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།