[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>གནའ་དེང་གླེང་བ།
  • ཁོ་ཐེ་ཏི་ཝོར་ཀྲུང་གོའི་ཚོང་ཚོགས་བཙུགས་པ།

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-07-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་པི་དབྲང་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་25ཉིན། ཁོ་ཐེ་ཏི་ཝོར་གྱི་ལྟེ་བའི་དཔལ་འབྱོར་གྲོང་ཁྱེར་ཨ་པི་རང་དུ་ཁོ་ཐེ་ཏི་ཝོར་ཀྲུང་གོའི་ཚོང་ཚོགས་ཀྱིས་ཡོལ་ཁེབས་ཕྱེ་བའི་མཛད་སྒོ་འཚོགས་པ་དང་། ཚོང་ཚོགས་བཙུགས་པའི་དམིགས་ཡུལ་ནི་ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་གོང་འཕེལ་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

    ཁོ་ཐེ་ཏི་ཝོར་གྱི་ཚོང་ལས་དང་། ལག་ཤེས་བཟོ་ལས། ཁེ་ལས་འབྲིང་ཆུང་བཅས་ཀྱི་སྐུལ་འདེད་པུའུ་ཀྲང་ཡིན་པའི་སུའུ་ལའེ་མན་·ཏི་ཡ་ལ་སུའུ་པ་ཡིས་ཤིས་ཚིག་གསུང་སྐབས། ཚོང་ཚོགས་དངོས་སུ་བཙུགས་པར་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཁོང་གིས་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་ཁོ་ཐེ་ཏི་ཝོར་དུ་མ་རྩ་བཏང་ནས་བྱ་གཞག་གསར་གཏོད་བྱས་པ་དེ་ཐོག་ནས་ཁོ་ཐེ་ཏི་ཝོར་ལ་དཔལ་འབྱོར་གྱི་ཡིད་དབང་འགུགས་ཤུགས་དང་ཆབ་སྲིད་བརྟན་ལྷིང་ཡོད་པ་མཚོན་ཡོད་ལ། ཚོང་ཚོགས་བཙུགས་པ་ལས་རྒྱལ་ཁབ་གཉིས་པོའི་དབར་གྱི་ཉོ་ཚོང་འབྲེལ་བའང་བཟང་པོ་ཡོད་པའི་དཔང་པོ་ཐུབ་ཡོད་ཅེས་བརྗོད་པ་རེད།

    འདི་ལོ་ཟླ་2པར་ཁོ་ཐེ་ཏི་ཝོར་ཀྲུང་གོའི་ཚོང་ཚོགས་ཀྱིས་ཁོ་ཐེ་ཏི་ཝོར་སྲིད་གཞུང་ལ་དངོས་སུ་འདུན་ཞུ་ཐོ་འགོད་བྱས་པ་དང་། ཟླ་5པར་ཁོ་ཐེ་ཏི་ཝོར་ནང་སྲིད་པུའི་ཞིབ་བཤེར་ཆོག་མཆན་ཐོབ་ཡོད། མིག་སྔའི་བར་ཁེ་ལས་40ཚོང་ཚོགས་ནང་ཐོ་འགོད་བྱས་ཡོད་པ་དེ་དག་འཕྲིན་གཏོང་ལག་རྩལ་དང་། འཕྲུལ་ཆས། ཆུ་བེད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ནུས་རྒྱུ། གློག་ཤུགས། རྡོ་སྣུམ་རྫས་འགྱུར། ལྕགས་རིགས་བཙོ་སྦྱང་། ཡུལ་སྐོར་སོགས་ཁྱབ་རྒྱ་ཆེ་བའི་ལས་རིགས་དང་འབྲེལ་བ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།