[ English ] [ 中文 ]
0891-6325020
དབུ་ཤོག>འཛམ་གླིང་རྒྱང་ལྟ།>གནའ་དེང་གླེང་བ།
  • ཀྲུང་གོའི་འགྲེམས་སྟོན་ཚོང་པ་ཉག་ཅིག་སྟེ། ས་མཐོའི་གཅེས་ནོར་འཛམ་གླིང་དཀར་ཆུ་IDFདབུ་ཚོགས་སུ་ཞུགས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-06

    ལོན་ཏོན་གྱི་དུས་ཚོད་ཟླ་10ཚེས་30ཉིན། 2017ལོའི་IDF(རྒྱལ་སྤྱིའི་དཀར་ཆུའི་ཐོན་རྫས་མཉམ་འབྲེལ་ལྷན་ཚོགས།)འཛམ་གླིང་དཀར་ཆུ་དབུ་ཚོགས་དབྱིན་ཇིའི་པེའར་ཧྥ་སི་ཐེར་གཟབ་རྒྱས་ངང་འཚོགས། ས་མཐོའི་གཅེས་ནོར་ནི་འགྲེམས་སྟོན་ནང་ཞུགས་པའི་ཀྲུང་གོའི་དཀར་ཆུའི་ལས་རིགས་ཉག་གཅིག་ཡིན་ལ། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ཁེ་ལས་གྲགས་ཅན་45དང་མཉམ་དུ་དབུ་ཚོགས་ཀྱི་ཚོགས་རར་སྐུ་མགྲོན་ཆིག་སྟོང་ལྷག་ཙམ་ལ་ཀྲུང་གོའི་དཀར་ཆུའི་ལས་རིགས་རྣམ་པ་འགྲེམས་སྟོན་བྱས།


                              IDFརྒྱལ་སྤྱིའི་དཀར་ཆུའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་Dr Judith Bryansཀྱིས་འགོ་འཛུགས་མཛད་སྒོའི་སྟེང་ཤིས་ཚིག་ཕུལ།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་རེར་ཐེངས་རེའི་IDFའཛམ་གླིང་དཀར་ཆུའི་དབུ་ཚོགས་ནི་གོ་ལ་ཧྲིལ་པོའི་ཚད་གཞི་མཐོ་ཤོས་ཀྱི་ཆེད་ལས་རང་བཞིན་གྱི་དཀར་ཆུའི་ལས་རིགས་ཀྱི་གྲོས་ཚོགས་ཡིན། ཐེངས་འདིའི་དབུ་ཚོགས་ནི་IDFདང་IDFདབྱིན་ཇིའི་རྒྱལ་ཁབ་ཨུ་ལྷན་གྱིས་ཐུན་མོང་ཐོག་གཉེར་བ་ཡིན། ཚོགས་འདུའི་གོང་དུ། ཀྲུང་གོའི་དཀར་ཆུའི་ཐོན་རྫས་བཟོ་ལས་མཐུན་ཚོགས་ཀྱིས་ཀྲུང་གོའི་དཀར་ཆུའི་ཐོན་རྫས་ཀྱི་ཁེ་ལས་མཁས་ཅན་20རྩ་འཛུགས་བྱས་ཏེ་ས་གནས་དེ་གའི་དཀར་ཆུའི་ཁྲོམ་རར་རྟོག་ཞིབ་དང་།། དབྱིན་ཇིའི་དཀར་ཆུའི་ཟས་རིགས་བརྟག་དཔྱད་ལྟེ་གནས་དང་ས་གནས་དེ་གའི་དཀར་ཆུའི་ཁེ་ལས་གྲགས་ཅན། ཕྱུགས་ར་བཅས་ལ་འཚམས་འདྲི་བྱས་ཏེ་དཀར་ཆུའི་ལས་དོན་བརྗེ་སྤེལ་བྱས་ཤིང་། ཕྱི་རྒྱལ་གྱི་སྔོན་ཐོན་ཉམས་མྱོང་དང་འཕེལ་རྒྱས་ཁ་ཕྱོགས་ལ་རྒྱུས་ལོན་གནང་།


                                ཀྲུང་གོའི་དཀར་ཆུའི་ལས་རིགས་འཐུས་ཚབ་ཚོགས་པས་ས་མཐོའི་གཅེས་ནོར་དཀར་ཆུའི་འགྲེམས་སྟེགས་སུ་ལྟ་སྐོར་བྱས།

    ཐེངས་འདིའི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི་“དཀར་ཆུའི་ལས་རིགས་དང་མཉམ་དུ་ངོ་མཚར་གསར་སྐྲུན་བྱེད”ཞེས་པ་ཡིན། ཚོགས་ཞུགས་ཁེ་ལས་མང་པོའི་ཁྲོད་ས་མཐོའི་གཅེས་ནོར་གྱིས་ནོར་གནག་གི་འོ་བཟོས་ཐོན་སྐྱེད་ཞིབ་འཇུག་ཐད་རང་ལུགས་གསར་གཏོད་བྱས་ཡོད། རྒྱུས་ལོན་བྱས་པ་ལྟར་ན་འབྲིའི་འོ་མའི་འཚོ་བཅུད་རིན་ཐང་ཧ་ཅང་མཐོ་བ་སྟེ། འབྲིའི་འོ་རློན་གྱི་འོ་མའི་སྤྲི་དཀར་འདུས་ཚད་5.0mg/100mlཟིན། འཚོ་རྒྱུ་དང་ཀལ་(钙)འདུས་ཚད་སོགས་འཚོ་བཅུད་ཀྱི་གྲུབ་ཆ་དམིགས་ཚད་ཀྱང་སྤྱིར་བཏང་གི་འོ་མ་ལས་མཐོ་བ་དང་། དུས་མཚུངས་སུ་མཚོ་གཏིང་གི་ཉའི་སྣུམ་ཇི་བཞིན་ཚད་མ་ལོངས་པའི་ཚིལ་སྐྱུར་ཕུན་སུམ་ཚོགས་པ་ཡོད།

    འབྲི་གཡག་ནི་ཕྱེད་བདག་མ་བཟུང་བའི་རི་སྐྱེས་སྲོག་ཆགས་ཤིག་ཏུ་བརྩི་བ་དང་། མཚོ་བོད་ས་མཐོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ཟིན་པའི་གནས་སུ་འཚོ་སྐྱོང་བྱ་བཞིན་ཡོད། ནོར་གནག་གིས་རང་བྱུང་གི་རྩྭ་ཆུར་རོལ་བ་དང་རང་བྱུང་དུ་མངལ་སྦྲུམ་པ། རང་བྱུང་གིས་འོ་མ་བསགས་པས་ས་མཐོའི་གཅེས་ནོར་འབྲིའི་འོ་མ་དེ་གཙང་མ་རང་བྱུང་ཡིན་ལ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ། ཨ་རི་བཅས་ཀྱི་་ནུས་ལྡན་ཁས་ལེན་ཐོབ་ཡོད། འབྲིའི་འོ་མའི་ལས་རིགས་འཕེལ་རྒྱས་དང་མང་ཚོགས་ལ་ཕན་བདེ་བསྐྲུན་ཆེད། ས་མཐོའི་གཅེས་ནོར་གྱིས་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ་སོགས་སུ་འབྲིའི་འོ་མའི་ལས་སྣོན་ཐོན་སྐྱེད་དཔེ་སྟོན་རྟེན་གཞི་ཆེན་པོ་བཞི་བཙུགས་ཏེ། སྐྱེ་ལྡན་འབྲི་གཡག་འོ་ཕྱེ་དང་གཤེར་ཁུའི་འོ་མ། ཞོ། ཕན་སྐྱེ་སྲིན་(益生菌)སོགས་ཐོན་རྫས་སུམ་ཅུ་ལྷག་ཞིབ་འཇུག་གསར་སྤེལ་ཐོན་སྐྱེད་བྱས་ནས། པེ་ཅིང་དང་ཧྲང་ཧའེ། ཧྲེན་ཀྲེན། ཁྲེང་ཏུའུ་སོགས་གྲོང་ཁྱེར་གྱི་མཐོ་རིམ་ཚོང་རར་བྲིན་པོ་རྒྱུགས།

    ཀྲུང་གོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དཀར་ཆུའི་ལས་རིགས་ཞིག་ཡིན་པའི་ངོས་ནས། ས་མཐོའི་གཅེས་ནོར་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་གར་སྟེགས་ཕྱོགས་སུ་བསྐྱོད་པར་འབད་བརྩོན་ལྷོད་མེད་བྱ་བཞིན་ཡོད། ད་ལོའི་ཟླ་9པར་ས་མཐོའི་གཅེས་ནོར་འགྲེམས་སྟོན་ཅཱན་ཆའོ་སློབ་ཆེན་དུ་ཕེབས་ཏེ། ཀྲུང་གོ་ཕྱོགས་ཀྱི་གཏམ་བཤད་སྡེ་ཁག་ཉག་གཅིག་གི་ངོས་ནས་ཅན་ཆའོ་སློབ་ཆེན་ནས་“རྒྱུད་གཅིག་ལམ་གཅིག་”གི་མཉམ་ལས་དང་སྤེལ་རེས་མཉམ་སྤྱོད་ཐད་བརྗེ་སྤེལ་གནང་སྟེ། ཐུན་མོང་ཐོག་ནོར་གནག་གི་ཟོག་འབྲེལ་དྲ་བར་སྐུལ་འདེད་བཏང་།


    ས་མཐོའི་གཅེས་ནོར་ཏུང་ཧྲི་ཀྲང་ཝང་ཧྲི་ཆོན་གྱིས་སྐབས་དང་པོའི་གོ་ལ་ཧྲིལ་པོའི་སི་ཁྲོན་གྱི་ཚོང་པའི་རྒྱུད་གཅིག་ལམ་གཅིག་དབྱིན་ཇིའི་གླེང་སྟེགས་ཐོག་གཏམ་བཤད་གནང་།

    ས་མཐོའི་གཅེས་ནོར་དང་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས་མཉམ་ལས་བྱས་ནས་ནོར་གནག་ཟོག་འབྲེལ་དྲ་རྒྱ་གསར་འཛུགས་བྱས་ཏེ། མཚོ་བོད་ས་མཐོའི་འབྲི་གཡག་གྲངས་ཁྲི་1700ལྷག་ཙམ་ལ་ལྟ་སྐུལ་ཚོད་འཛིན་དང་གནས་གཏན་འཁེལ་མ་ལག་མཁོ་སྤྲོད་བྱས་ཏེ། འབྲི་གཡག་གི་ལུས་རྟགས་ལྟ་སྐུལ་ཚོད་འཛིན་དང་འབྲོག་ར་ལྟ་སྐུལ་ཚོད་འཛིན་བྱས་ཆོག འཛམ་གླིང་ཡོངས་ཀྱི་འཛད་སྤྱོད་པས་ཁྲོམ་རར་འདོན་གྲབས་ཡོད་པའི་“ནོར་གནག་གསོ་སྐྱོང་ལྟ་སྐུལ་”APPབརྟེན་ནས་འབྲི་གཡག་ངོས་ལེན་དང་། དུས་ཐོག་ཏུ་ནོར་གནག་སྐྱེ་འཕེལ་གྱི་གནས་ཚུལ་ཤེས་རྟོགས་དང་དཀར་ཆུའི་སྤུས་ཚད་དང་བདེ་འཇགས་ལ་ལྟ་སྐུལ་ཚོད་འཛིན་བྱ་ཆོག འདི་ནི་ཚན་རྩལ་གྱི་གསར་གཏོད་ཡིན་ལ། འབྲོག་པ་དང་འཛད་སྤྱོད་པ། མཉམ་ལས་ཁེ་ལས་གཉིས་ཕན་གྱི་སྣོད་བཅུད་མ་ལག་ཅིག་ཡིན།

    མཚོ་བོད་མཐོ་སྒང་གི་འབྲི་གཡག་གི་ཐོན་ཁུངས་ལ་བརྟེན་ནས། ས་མཐོའི་གཅེས་ནོར་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་རྒྱལ་སྤྱིའི་མཐོང་རྒྱ་ལ་ཧུར་བསྐྱེད་ཀྱིས། གོ་ལ་ཧྲིལ་པོའི་འཛད་སྤྱོད་པར། མཚོ་བོད་མཐོ་སྒང་གི་དཀོན་པའི་དངོས་རྫས་འདོན་སྤྲོད་བྱ་རྒྱུ་རེད།


    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།