[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རང་སྐྱོང་ལྗོངས་དུག་འགོག་གཞུང་ལས་ཁང་གིས“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་དྲིལ་བསྒྲཌ་བྱེད་སྒོ་ཆེ་གྲས་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    《དུས་རབས་གསར་པའི་དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དུས་རབས་གསར་པའི་དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་དུག་འགོག་གི་རྣམ་པ་བཟང་པོ་ཞིག་ཆགས་པ་བཅས་བྱ་ཆེད། ཟླ་6ཚེས་26ཉིན། རང་སྐྱོང་ལྗོངས་དུག་འགོག་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་དང་མཉམ་དུ་ལྷ་སའི་དམངས་ཕན་ཞབས་ཞུའི་ལྟེ་གནས་ཀྱི་ཐང་ཆེན་དུ“བདེ་ཐང་གི་མི་ཚེ། ལྗང་མདོག་དུག་མེད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་ཆེ་གྲས་སྤེལ་བ་རེད།

    དྲིལ་བསྒྲགས་བྱེད་སྒོ་དེ་དུག་འགོག་དྲིལ་བསྒྲགས་ཀྱི་གླུ་གཞས《ཉི་འོད་འོག་གི་འཚོ་བ་དྲོ་སྐྱིད་ཆེ་ཤོས་ཡིན》ཞེས་པའི་ཁྲོད་འགོ་ཚུགས་པ་མ་ཟད། ད་དུང《ང་དང་ངའི་མེས་རྒྱལ》ཞེས་པ་འཁྲབ་སྟོན་བྱས་པ་དང་ཆབས་ཅིག དུག་འགོག་མི་དམངས་ཉེན་རྟོག་པས་ཡུལ་དངོས་སུ་དུག་འགོག་ཤེས་བྱ་གསལ་འགྲེལ་དང་དྲི་བ་དྲིས་ལན་སོགས་ཀྱི་བྱེད་སྒོ་སྤེལ་བས་དུག་འགོག་འདུ་ཤེས་མི་སེམས་ལ་ཟབ་མོ་ཟུག་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་མང་ཚོགས་ཀྱིས་དུག་འགོག་འཐབ་རྩོད་ནང་ཞུགས་པའི་རང་རྟོགས་རང་བཞིན་དང་ཧུར་སེམས་སྐོང་འཐེན་གང་ལེགས་ཐུབ་ཡོད་པ་རེད།

    དྲིལ་བསྒྲགས་བྱེད་སྒོར་དུག་རྫས་ཀྱི་རྨང་གཞིའི་ཤེས་བྱ་དང་། དུག་འགོག་གི་བཅའ་ཁྲིམས་ཁྲིམས་སྲོལ། དུག་རྫས་ཀྱི་མིག་སྔའི་གནས་ཚུལ། དུག་རྫས་གསར་པར་སྔོན་འགོག་སོགས་དུག་འགོག་ཤེས་བྱར་དམིགས་ཏེ་དུག་འགོག་འགྲེམས་པང་ལ་ལྟ་བ་དང་། དྲིལ་བསྒྲགས་འཆད་སྟེགས་བཙུགས་པ། དུག་འགོག་དྲིལ་བསྒྲགས་ཀྱི་དཔྱད་གཞི་དང་དངོས་པོ་སྤྲོད་པ། དུག་འགོག་ཤེས་བྱའི་བྱ་དགའ་སྤྲོད་པའི་དྲི་བ་དྲིས་ལན། རིག་རྩལ་འཁྲབ་སྟོན། དུག་འགོག་གི་འབྲེལ་ཡོད་ཤེས་བྱ་བཀོད་པ་སོགས་བྱས་ཡོད་པ་རེད།

    བསྡོམས་རྩིས་ལ་གཞིགས་ན། དེ་ཉིན་གྱི་བྱེད་སྒོར་སྦྱར་ཡིག་40ཙམ་བཀལ་ཡོད་པ་དང་དྲིལ་བསྒྲགས་དཔྱད་གཞི་ཁྲི་1ཙམ་དང་དྲིལ་བསྒྲགས་དངོས་པོ་ཁྲི་40ཙམ་སྤྲད་པ་དང་དུས་མཚུངས་མང་ཚོགས་མི་ཐེངས་2000ཙམ་གྱི་བློ་འདྲི་དང་ལེན་བྱས་པས་སློབ་གསོ་ཐོབ་པའི་མང་ཚོགས་མི་ཁྲི་5ཙམ་ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།