[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ནག་ཆུ་གྲོང་ཁྱེར་དུག་འགོག་གཞུང་དོན་ཁང་གིས་“6·26”རྒྱལ་སྤྱིའི་དུག་འགོག་ཉིན་མོའི་དྲིལ་བསྒྲཌ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    དུག་འགོག་རྒྱུན་ཤེས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། དམངས་ཡོངས་ཀྱི་དུག་འགོག་འདུ་ཤེས་ཟབ་ཏུ་གཏོང་བ། ནག་ཆུའི་སྤྱི་ཚོགས་ལས་རིགས་ཁག་དུག་འགོག་གི་མི་དམངས་དམག་འཐབ་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱེད་པ། ནག་ཆུ་གྲོང་ཁྱེར་གྱི་དུག་འགོག་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཟླ་6ཚེས་26ཉིན་གྱི་སྔ་དྲོར། ནག་ཆུ་གྲོང་ཁྱེར་དུག་འགོག་ཨུ་ལྷན་གཞུང་ལས་ཁང་གིས་གསེར་རྙེད་ཆུས་དུག་འགོག་ཨུ་ལྷན་གཞུང་ལས་ཁང་དང་མཉམ་དུ་དུག་འགོག་ཁོངས་མིའི་ཚན་པ་དང་། རྒྱ་ཆེའི་དགེ་སློབ། བཅའ་སྡོད་དཔོན་དམག ཞིང་འབྲོག་མང་ཚོགས་བཅས་དང་དེ་བཞིན་ལས་རིགས་ཁག་གི་འཐུས་མི་སྒྲིག་འཛུགས་བྱས་ཏེ་བྱང་ཐང་ཐོག་བརྩེགས་ཁང་ཆེན་གྱི་ཐང་ཆེན་དུ“བདེ་ཐང་གི་མི་ཚེ·ལྗང་མདོག་དུག་མེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་དུག་འགོག་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་ཁྱོན་རླངས་འཁོར་ཐེངས་5བཏང་བ་དང་། དུག་འགོག་དྲིལ་བསྒྲགས་དངོས་པོ་དང་དུག་འགོག་དྲིལ་བསྒྲགས་དཔྱད་ཡིག་20000ལྷག་ཙམ་སྤྲད་པ། མང་ཚོགས་1500ལྷག་ཙམ་ཞུགས་པ། དུག་འགོག་གི་བློ་འདྲི་ཐེངས་100ལྷག་ཙམ་དང་ལེན་བྱས་པ། དུག་འགོག་གི་དྲིལ་བསྒྲགས་སྦྱར་ཡིག་6བཀལ་བ། དུག་འགོག་གི་འདྲ་བཟོའི་མ་དཔེ་10སྒྲིག་གཤོམ་བྱས་པ། ཉེན་རྟོག་པ་མི་30ལྷག་ཙམ་བཀོད་སྒྲིག་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།