[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་སློབ་ཚན་ཁྲིད་ནས་ཁྲིམས་སྐྱོང་སྡེ་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    གྲོང་མིའི་བཅའ་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་ཁྲིམས་སྐྱོང་གི་སྡེ་ཁུལ་དང་དུས་བདེའི་སྡེ་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར། རྗེ་འབུམ་སྒང་སྡེ་ཁུལ་དུ་བཅའ་སྡོད་ཁྲེང་ཀོན་ཆུས་ཁྲིམས་ཁང་གི་ལས་དོན་རུ་ཁག་གིས་སྡེ་ཁུལ་དུ་རྒྱ་བོད་སྐད་གཉིས་ཀྱི་བཅའ་ཁྲིམས་ཁྱབ་གདལ་སློབ་ཚན་ཁྲིད་པའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་གཉེན་སྒྲིག་དང་། དམངས་ཁྲོད་ཀྱི་བུ་ལོན་གཏོང་ལེན། ངལ་རྩོལ་གྱི་རྩོད་གཞི་སོགས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པའི་གནད་དོན་ལ་འགྲེལ་བཤད་བརྒྱབ་པ་མ་ཟད། ད་ལྟ་ལག་བསྟར་བྱེད་བཞིན་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་དོན་དངོས་ཀྱི་གྱོད་དཔེ་ཟུང་འབྲེལ་གྱིས་སྡེ་ཁུལ་མང་ཚོགས་ཀྱི་དོགས་གཞི་སེལ་རོགས་བྱས་ཏེ། ཚང་མར་བྱ་བ་སྒྲུབ་སྐབས་ཁྲིམས་ལ་བརྟེན་དགོས་པ་དང་། གནད་དོན་འཕྲད་སྐབས་ཁྲིམས་ལ་གཏུག་དགོས་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་དགོས་པ། འགལ་བ་སེལ་སྐབས་ཁྲིམས་ལ་བརྟེན་དགོས་པ་བཅས་ཀྱི་འབོད་སྐུལ་བྱས་པ་རེད། “ད་ཐེངས་ཀྱི་བྱེད་སྒོ་སྤེལ་ཆེད། ང་ཚོས་དུས་འགོའི་བརྟག་ཞིབ་དང་ཤེས་རྟོགས་བྱས་ཏེ། མིག་སྔའི་སྡེ་ཁུལ་མང་ཚོཌ་ཀྱི་དགོས་མཁོ་ཆེ་བ་དང་ཁ་ཚ་དགོས་གཏུགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་གནད་དོན་ལ་གཞིགས་ནས་སྒྲོག་འགྲེལ་བྱས་པ་ཡིན། དེའི་དམིགས་ཡུལ་ནི་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་ཀྱི་གྲོང་མི་མང་ཚོགས་དང་སློབ་མ་ཚོའི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། བཅའ་ཁྲིམས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་ལ་འཚོ་བའི་ནང་འཕྲད་པའི་རྩོད་གཞི་དང་དཀའ་ངལ་ཐག་གཅོད་བྱེད་དགོས་པའི་ཁྲིད་སྟོན་བྱ་ཆེད་ཡིན”ཞེས་རྗེ་འབུམ་སྒང་སྡེ་ཁུལ་དུ་བཅའ་སྡོད་ཁྲེང་ཀོན་ཆུས་ཀྱི་ཁག་བརྒྱད་པའི་ལས་དོན་རུ་ཁག་གི་རུ་དཔོན་ཚེ་རིང་བདེ་སྐྱིད་ཀྱིས་བཤད།

    zengfg98143_s.jpg

    འདི་ནི་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་ཁྱབ་གདལ་སློབ་ཚན་སྡེ་ཁུལ་དུ་ཁྲིད་པའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།