[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རྒྱ་ཚ་རྫོང་གིས་ཏང་ཡོན་ལས་བྱེད་པའི་ཁྱིམ་ཚང་ལ་སྤྱོད་གཙང་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཉིན་ཤས་གོང་། རྒྱ་ཚ་རྫོང་གིས་ཏང་ཡོན་ལས་བྱེད་པའི་ཁྱིམ་ཚང་ལ་སྤྱོད་གཙང་རོགས་སྐྱོར་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་གཏོང་རིང་གི་བུད་མེད་དང་ཁྱིམ་ཚང་གི་དམིགས་བསལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་ཡོན་ལས་བྱེད་པའི་ཁྱིམ་ཚང་གི་ཁོངས་མི་མི་རེ་ངོ་རེས་རང་རྟོགས་ངང་སྒྲིག་བརྩི་ཁྲིམས་སྲུང་དང་། ཐབས་མཁས་རང་སྲུང་། ཕན་ཚུན་དྲན་སྐུལ་བཅས་ལ་ཁྲིད་སྟོན་བྱས་ཏེ་སྤྱོད་གཙང་གི་ཁྱིམ་སྲོལ་བཟང་པོ་མཉམ་དུ་སྐྱོང་སྤེལ་དང་བཏོད་དེ་ཁྱིམ་ཚང་གི་བསླད་སྐྱོན་འགོག་ཐབས་དང་ངོ་འགྱུར་སྔོན་འགོག་གི་རིམས་འགོག་ནུས་པ་ཏན་ཏིག་ངང་ཆེ་རུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ཚ་རྫོང་བརྙན་འཕྲིན་ལས་ཁུངས་ཀྱིས། 《ཁྱིམ་ཚང་གི་སྤྱོད་གཙང་ལ་རོགས་རམ་བྱེད་པའི་གྲོས་འགོའི་ཡི་གེ》སྟོན་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐད་འཕྲིན་སྤྱི་རྟགས་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དཔོད་ཆུང་ཐོག་གྲོས་འགོའི་ཡི་གེ་བརྒྱུད་གཏོང་བྱེད་པ། རྫོང་དེའི་མི་སྣ་འདུ་འཛོམས་ཆེ་བའི་ཁུལ་དུ་གྲོས་འགོའི་ཡི་གེ་དེ་སྦྱར་བ། ཁོའོ་རིམ་པ་རྒན་པ་དང་དེ་ཡན་གྱི་ཏང་ཡོན་ལས་བྱེད་པ་དང་དེའི་ཁྱིམ་ཚང་གི་ཁོངས་མིར་གྲོས་འགོའི་ཡི་གེ་སྤྲོད་པ། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྫོང་དེའི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་དང་ཁོའོ་རིམ་པ་རྒན་པའི་ལས་བྱེད་པ་དང་དེའི་ཁྱིམ་མི་ཡོངས་ལ《ཁྱིམ་ཚང་གི་སྤྱོད་གཙང་ལ་རོགས་རམ་བྱེད་པའི་གྲོས་འགོའི་ཡི་གེ》བཞག་པ། ཁྱིམ་ཚང་དང་། ཁྱིམ་ཚང་གི་སློབ་གསོ། ཁྱིམ་ཚང་གི་གོམས་གཤིས་འཛུགས་སྐྱོང་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཐོག་ཏུ་སྲིད་གཙང་གི་རིག་གནས་བར་ཁྱམས་གསར་པ་བརྗེས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།