[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་སློབ་ཐོན་ཕའེ་ཀྲང་གསར་པར“ཁུངས་འཚོལ་བ་དང་ལོ་རྒྱུས་འདྲི་བའི”བྱེད་སྒོ་སྤེལ་བའི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཉེ་ཆར། བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་ད་ལྟ་སྤེལ་བཞིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ནས། སློབ་ཐོན་ཕའེ་ཀྲང་གསར་པ་24སྒྲིག་འཛུགས་བྱས་ཏེ“ཁུངས་འཚོལ་བ་དང་ལོ་རྒྱུས་འདྲི་བའི”བྱེད་སྒོ་སྤེལ་བ་རེད། གཅིག་གྱུར་དུ་སློབ་ཚན་ཁྲིད་པ་དང་། དངོས་མཚོན་གློག་བརྙན་ཐུང་གྲས་ལྟ་བ། དམག་མིའི་ཡིག་ཚགས་ཁང་དང་དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་དམག་དོན་པུའུ་ཡི་རྗེས་ཤུལ་ལ་ལྟ་བ་སོགས་བྱས་པ་རེད། ཡན་ལག་དམག་ཁུལ་ཁང་དང་དེ་བཞིན་ཆབ་མདོའི་ལོ་རྒྱུས་ལ་ཤེས་རྟོགས་གཏིང་ཟབ་དང་། ངར་སེམས་འཕེལ་བའི་ལོ་ཟླར་ཕྱིར་དྲན། བོད་ལྗོངས་བཅིངས་འགྲོལ་དང་། བོད་ལྗོངས་སྲུང་སྐྱོབ། བོད་ལྗོངས་འཛུགས་སྐྲུན་བཅས་ལ་ཞུམ་པ་མེད་པར་རང་སྲོག་བློས་གཏོང་བྱེད་མཁན་གྱི་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་བྱས་ཏེ། དམག་མི་གསར་པར་དམག་མིར་ཞུགས་མ་ཐག་པའི་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་བར་ཁྲིད་སྟོན་བྱས་པ་རེད།

    དངོས་རྫས་རེ་རེ་དང་པར་རིས་རེ་རེ་ལས་ཕའེ་ཀྲང་གསར་པ་ཚོར་སེམས་འགུལ་ཚད་མེད་ཐེབས། ཚང་མས་གསར་བརྗེའི་སྔོན་བྱོན་པའི་རླབས་ཆེན་བྱས་རྗེས་ལ་དྲན་གསོ་དང་། སེམས་འགུལ་ཚད་མེད་ཐེབས་པའི་དམག་འཐབ་གཏམ་རྒྱུད་བསྐྱར་དྲན་བྱེད་པ། བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོ་ཞུས་ཧུང་ཀང་དང་། བྱས་རྗེས་རིམ་པ་དང་པོ་འཇོག་མཁན་ཀྲའོ་ཧའེ་ཡུང་། མཐའ་སྲུང་སྐོར་གཡེང་མཁས་ཅན་ཁྲེན་ཡུང་གོ་བཅས་ཀྱི་བྱས་རྗེས་རླབས་པོ་ཆེར་ཕའེ་ཀྲང་གསར་པ་ཚོ་གུས་བཀུར་ཆེན་པོ་བྱུང་བ་རེད།

    “ང་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་མི་ཡིན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བཀའ་སྲུང་ཅི་སྒྲུབ་ཞུ་རྒྱུ་ཡིན”ཞེས་དམག་སྡེ་བཅོ་བརྒྱད་པའི་དམག་དོན་པུའུ་ཡི་རྗེས་ཤུལ་མདུན་གྱི་དམར་མདངས་བཀྲ་བའི་དམག་དར་མདུན་དུ། ཕའེ་ཀྲང་གསར་པ་24ཡིས་བརྗིད་ཉམས་ལྡན་པའི་སྒོ་ནས་ཁུ་ཚུར་གཡས་པ་བཏེགས་ཏེ། དམག་མིའི་དམ་བཅའི་ཚིག་བསྐྱར་དྲན་བྱེད་པའི་སྐད་སྒྲ་བོད་ཤར་ལྷོའི་རི་མཐོ་དང་ལུང་ཤུར་དུ་གྲགས།

    བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་ཚའེ་ཧྲའོ་ཧུང་གིས་ངོ་སྤྲོད་བྱས་དོན། ཆབ་མདོ་ནི་བོད་ལྗོངས་སུ་སྐར་ལྔའི་དར་དམར་ཐོག་མར་བསྒྲེངས་པའི་ས་ཆ་ཡིན་པས། བཅའ་སྡོད་ཁུལ་གྱི་གསར་བརྗེའི་སློབ་གསོའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། སློབ་གསོའི་ལས་དོན་སྤེལ་རིང་། ཡན་ལག་དམག་ཁུལ་ཁང་གིས་ལེགས་ཆ་འདོན་སྤེལ་གང་ལེགས་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ཀྱི་ནང་དོན་ཕུན་སུམ་ཚོགས་པོ་སྔོག་འདོན་གཏིང་ཟབ་བྱས་ཏེ། དམག་གསར་དམག་དཔུང་ནང་ཞུགས་པ་དང་། ཕའེ་ཀྲང་གསར་པ་འབྱོར་ཐོ་འགོད་པ། ཏང་དང་སྡེ་ཚོགས་ནང་ཞུགས་པ། དུས་ཆེན་གལ་ཆེན་དང་དྲན་གསོའི་ཉིན་མོ་སོགས་ཀྱི་གོ་སྐབས་སྤྱད་ནས། “ཁུངས་འཚོལ་བ་དང་ལོ་རྒྱུས་འདྲི་བའི”བྱེད་སྒོ་སྤེལ་ནས། གསར་བརྗེའི་དྲན་ཤེས་ཟབ་ཏུ་གཏོང་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། བསམ་བློར་ཞུན་བརྡར་ཐེངས་གཅིག་གཏོང་བ་བཅས་བྱེད་ཀྱི་ཡོད།

    གཅིག་གྱུར་སློབ་ཁྲིད་དང་ལྟ་སྐོར་སློབ་སྦྱོང་བྱས་པ་བརྒྱུད། རྒྱ་ཆེའི་སློབ་ཐོན་ཕའེ་ཀྲང་གསར་པའི་དཔའ་སེམས་ཆེ་རུ་དང་སྙིང་སྟོབས་ཆེ་རུ་ཕྱིན་ཞིང་། ཁོང་ཚོས་རྩ་འཛུགས་ཀྱི་བཀོད་སྒྲིག་ལ་མཐའ་གཅིག་ཏུ་བརྩི་སྲུང་ཞུས་ནས། ལས་གནས་གསར་པར་གང་མགྱོགས་འཚམ་ཐུབ་པ་དང་། བློ་ནུས་གང་ཡོད་ཀྱིས་དམག་སྦྱོང་ལ་ཞུགས་པ། རྨང་གཞི་རིམ་བཞིན་བརྟན་དུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེན་གྱི་གདོང་སྐྱོད་པ་ཧུར་ཐག་བྱེད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།