[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་གསོད་རུ་ཆེན་གྱིས།

    ཕྱི་རོལ་དང་ནང་ཁུལ་ཟུང་འབྲེལ་གྱིས་དངོས་འཐབ་ཅན་གྱི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-17

    zengfg9958_s.jpg

    འདི་ནི་རྨས་མ་རོགས་སྐྱོབ་ཀྱི་སྦྱོང་བརྡར་བྱེད་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་གསོད་རུ་ཆེན་གྱིས་ཁང་ཕྱིའི་སྦྱོང་བརྡར་དང་ཟུང་འབྲེལ་བྱས་ཏེ་དངོས་འཐབ་ཅན་གྱི་གསོ་སྦྱོང་ཤུགས་ཆེན་བྱས་ནས་དཔུང་ཁག་གི་ཆེད་ལས་བྱང་ཚད་ཀྱི་རྨང་གཞི་བརྟན་དུ་བཏང་བ་དང་རུ་ཆེན་གྱི་ལས་འགན་སྒྲུབ་པའི་ཆུ་ཚད་མཐོ་རུ་བཏང་ཡོད།

    སྒྲིག་ཁོངས་སྒྱུར་རྗེས་ལས་འགན་མང་དུ་སོང་བ་དང་བསྟུན་ནས་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་ས་ཁམས་ཁྱད་ཆོས་གཞིར་བཟུང་། རྩལ་ལག་ནང་སྦྱོང་དང་མི་ཐབས་བཀོལ་སྤྱོད་སོགས་ཀྱི་རྣམ་པ་བརྒྱུད་རི་དང་ཆུའི་ཁྱབ་ཁོངས་ཀྱི་རོགས་སྐྱོབ་སྦྱོང་བརྡར་བྱས་ཐོག་གཡུག་འཕེན་ཡོ་བྱད་བེད་སྤྱོད་དང་། ཐག་པའི་འདྲུད་འཐེན། གཙང་པོ་བརྒལ་བ། ཐུར་ལ་བབས་པ། རྨས་མ་རོགས་སྐྱོབ་སོགས་ཀྱི་ནང་དོན་གསོ་སྦྱོང་བྱས་ཡོད། གསོ་སྦྱོང་ནང་ཞུགས་པའི་མི་སྣ་ཡོངས་ཀྱིས་གསོ་སྦྱོང་ནན་ཏན་དང་། སྡུག་རུས་བྱེད་པ། དཔའ་ངར་ཆེར་སྐྱེད་བཅས་ཀྱི་ཐོག་ནས་སྒྲིག་ཆས་བཀོལ་སྤྱོད་ཀྱི་སྒྲིག་ཁྲིམས་ནན་པོ་བསྲུངས་པས། གསོ་སྦྱོང་གི་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གསོ་སྦྱོང་བྱས་རྗེས་རུ་ཆེན་གྱི་ལས་བྱས་དུས་ཐོག་ཏུ་གསོ་སྦྱོང་མི་སྣ་སྒྲིག་འཛུགས་བྱས་ཏེ་གྲོས་བསྡུར་སྤེལ་རེས་བྱས་པ་དང་། སྦྱོང་བརྡར་དབྱེ་ཞིབ་དང་རང་ངོས་དབྱེ་ཞིབ་བྱས་པ། སྦྱོང་བརྡར་གྱི་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་རེད།

    མིག་སྔར་རུ་ཆེན་གྱི་ཁང་ཕྱིའི་སྦྱོང་བརྡར་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། གོམ་སྟབས་རྗེས་མར་རུ་ཆེན་གྱིས་དངོས་འཐབ་ཁོར་ཡུག་དང་ཟུང་འབྲེལ་བྱེད་པ་དང་རང་ངོས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་ཕྱོགས་བསྡུས་རང་བཞིན་གྱི་འཕྲལ་སྡོམ་རོགས་སྐྱོབ་ལས་འགན་ལས་ཆོད་ཆེན་པོས་ཐག་གཅོད་བྱ་རྒྱུར་རྨང་གཞི་འདིང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།