[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • འཇོ་མདའ་རྫོང་ཁྲིམས་ཁང་གིས“བཟང་པོ་བཞིའི”གཞི་རིམ་ཁྲིམས་ཁང་ཧུར་ཐག་སྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-02

    དམངས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ཆུ་ཚད་དང་སྤུས་ཚད་སྔར་བས་མཐོ་རུ་གཏོང་ཆེད། 2017ལོ་ནས་བཟུང་། འཇོ་མདའ་རྫོང་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡིས་ལས་སྒོའི་དོན་དངོས་ལ་གཞིགས་ནས་ལས་བྱེད་པའི་དཔུང་ཁག་བཟང་པོ་དང་། ལས་ཀའི་ལམ་སྲོལ་བཟང་པོ། དྲིལ་བསྒྲགས་སློབ་གསོ་བཟང་པོ། ཞབས་ཞུའི་གཞི་རྟེན་བཟང་པོ་བཅས་ཀྱི“བཟང་པོ་བཞིའི”གཞི་རིམ་ཁྲིམས་ཁང་བསྐྲུན་རྒྱུར་སྐུལ་མ་ཧུར་ཐག་བཏང་བ་རེད།

    “ལས་བྱེད་པའི་དཔུང་ཁག་བཟང་བའི”གཞི་རིམ་ཁྲིམས་ཁང་བསྐྲུན་རྒྱུ་འཚོལ་ཞིབ་བྱས་ཤིང་། ཏང་འཛུགས་སྐྱོང་གི་ལས་དོན་དང་ཡང་སྒོས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ལས་དོན་དེ་འདྲི་གཅོད་དང་། ལག་བསྟར། རྒྱུན་གཏན་གྱི་ལས་ཀའི་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ནས་ལེ་དབར་སྟོང་ལ་ཁྲིམས་ལུགས་དྲིལ་བསྒྲགས་ཐུབ་པ་དང་ལས་ཐོག་སྦྱོང་བརྡར་སོགས་ཀྱི་བྱེད་སྒོ་གཞི་རྟེན་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“རྒན་པས་གཞོན་པའི་སྣེ་ཁྲིད་པ”དང་“གཅིག་རོགས་གཅིག”སོགས་ཀྱི་བྱ་ཐབས་སྤྱད་དེ་གཞོན་ནུ་ཁྲིམས་དཔོན་གསོ་སྦྱོང་དང་སྦྱོང་བརྡར་བྱེད་མགྱོགས་སུ་བཏང་བས། ལས་བྱེད་ཉེན་རྟོག་པའི་དཔུང་ཁག་གི་ནུས་པ་ཆེ་རུ་དང་བྱང་ཚད་ལེགས་སུ་ཕྱིན་ནས་ལས་བྱེད་པའི་དཔུང་ཁག་ན་གཞོན་ཅན་དང་། ཤེས་ཡོན་ཅན། ཆེད་ལས་ཅན་ལ་རིམ་བཞིན་གྱུར་ཡོད།

    “ལས་ཀའི་ལམ་སྲོལ་བཟང་བའི”གཞི་རིམ་ཁྲིམས་ཁང་བསྐྲུན་རྒྱུ་འཚོལ་ཞིབ་བྱས་ཤིང་། “མི་དམངས་མང་ཚོགས་ཚོས་ཁྲིམས་འཛིན་གྱོད་གཞི་ཚང་མ་འདྲ་མཉམ་དང་དྲང་གཞག་ཡིན་པ་ཤེས་པའི”སྤྱིའི་དམིགས་ཚད་བླང་བྱར་གཞིགས་ནས། འདྲི་གཅོད་མཚམས་ཚིག་གི་བརྒྱུད་རིམ་དང་། གྱོད་གཞིའི་ཆ་འཕྲིན། འདྲི་གཅོད་ཀྱི་དུས་བཅད་དང་ཐབས་ལམ་སྒྱུར་བ། གྱོད་ཡིག་སྐྱེལ་བ། གྱོད་གཞི་ནོར་འཁྲུལ་བདའ་འདེད་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་པོ་བྱས་ཏེ་འདྲི་གཅོད་དོ་དམ་དང་སྒྲིག་སྲོལ་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས“གལ་ཆེན་གསུམ་དང་ཆེན་པོ་གཅིག”གི་དམངས་གཙོའི་ཐབས་ཇུས་ལམ་ལུགས་དོན་འཁྱོལ་ལ་མུ་མཐུད་སྐུལ་མ་བཏང་ཡོད།

    “དྲིལ་བསྒྲགས་སློབ་གསོ་བཟང་བའི”གཞི་རིམ་ཁྲིམས་ཁང་བསྐྲུན་རྒྱུ་འཚོལ་ཞིབ་བྱས་ཤིང་། རིག་གནས་འཛུགས་སྐྱོང་གི་ནང་དོན་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཚན་པའི་དོན་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་ཀྱི་བསམ་ཕྱོགས་དང་བྱ་ཐབས་ལ་བརྟེན་ནས་ཁྲིམས་ཁང་གི་བསམ་པའི་རིག་གནས་ཀྱི་ཉམས་འགྱུར་དྲིལ་བསྒྲགས་ཧུར་ཐག་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།