[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ​ ཁུང་ཧྥན་སེན་སློབ་ཆུང་དུ་ཁྲལ་ཁྲིམས་སློབ་ཚན་འཁྲིད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-02

    གཞོན་ནུ་ལོ་ཆུང་སློབ་མར་ཁྲལ་བསྡུའི་ཤེས་བྱ་དྲིལ་བསྒྲཌ་བྱ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་རྒྱལ་ཁྲལ་ཅུས་ཀྱིས་ཁུང་ཧྥན་སེན་སློབ་ཆུང་དུ“ཁྲལ་ཁྲིམས་དྲིལ་བསྒྲཌ་བྱེད་སྒོ”སྤེལ་བ་རེད།

    བྱེད་སྒོ་སྤེལ་སྐབས་ཁྲལ་དོན་ལས་བྱེད་པས་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་ཁུང་ཧྥན་སེན་གྱི་འཇིམ་བརྙན་ལ་གུས་མཇལ་ཞུས་པ་དང་། དེ་རྗེས་མངའ་རིས་ས་ཁུལ་རྒྱལ་ཁྲལ་ཅུས་ཀྱི་ཐད་གཏོགས་ཁྲལ་དོན་ཡན་ལག་ཅུས་ཀྱི་ལས་བྱེད་པ་པ་སངས་སྒྲོལ་མ་དང་སྐྲ་བཟང་གིས་ཕྲུ་གུ་ཚོའི་སློབ་རའི་འཚོ་བ་དང་ཟུང་འབྲེལ་བྱས་ཏེ་ཁྲལ་བསྡུའི་སློབ་ཚན་འཁྲིད་པ་རེད། ཁོང་གཉིས་པོས་ཆུང་ས་ཞ་སྨྱུག་ནས་ཆེ་ས་སློབ་གྲྭའི་ཐོག་བརྩེགས་ཁང་ཆེན་གང་འདྲ་བྱས་ཏེ་བྱུང་མིན་གླེང་ནས་ཁྲལ་བསྡུ་ནི་གང་ཞིག་ཡིན་པའི་སྐོར་འགྲེལ་བཤད་བརྒྱབ་པ་མ་ཟད། ཁྲལ་བསྡུའི་ནུས་པ་དང་སྤྱོད་གོ་ཡང་ངོ་སྤྲོད་བྱས་པ་རེད། འགྲེལ་བཤད་བརྒྱབ་པ་བརྒྱུད་ཕྲུ་གུ་ཚོས“མི་དམངས་ཀྱི་ས་ནས་ཁྲལ་བསྡུ་བ་དང་ཁྲལ་མི་དམངས་ཀྱི་ཆེད་དུ་སྤྱོད་པའི”གནས་ལུགས་རྟོགས་པ་རེད། དེ་ལྟར་ཁྲལ་ཁྲིམས་སློབ་ཚན་དགའ་སྤྲོའི་རྣམ་པའི་ཁྲོད་མཇུག་འགྲིལ་བ་དང་ཕྲུ་གུ་ཚོས་ཁྲལ་དོན་ཤེས་བྱ་ཤེས་པ་མ་ཟད། ཁྲལ་ཁྲིམས་ཀྱི་གལ་ཆེའི་རང་བཞིན་དང་ཁྲིམས་ལྟར་ཁྲལ་འཇལ་བའི་དགོས་ངེས་རང་བཞིན་ཤེས་པ་རེད། མཇུག་ཏུ་ཁྲལ་དོན་ལས་བྱེད་པ་ཚོས་ད་དུང་ཕྲུ་གུ་ཚོར་གཉེར་ཁྲལ་འཕར་ཁྲལ་དུ་སྒྱུར་བ་དང་ཁོར་ཡུག་སྲུང་སྐྱོང་གི་ཁྲལ་བསྡུའི་དོན་སྙིང་སོགས་ཀྱི་ནང་དོན་འཁོད་པའི་བོད་རྒྱ་སྐད་ཡིག་རིགས་ཀྱི་ཁྲལ་ཁྲིམས་དྲིལ་བསྒྲགས་ཀྱི་དཔྱད་ཡིག་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།