[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • རླངས་འཁོར་འཛད་སྤྱོད་ཀྱི་རྩོད་གཞི་ཡང་ཡང་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ཉེ་བའི་ལོ་ཤས་རིང་། རླངས་འཁོར་འཛད་སྤྱོད་པའི་ཐེར་འདོན་གོང་ཞུ་ཇེ་མང་དུ་སོང་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་12315ཡིས་བདག་སྤྲོད་བྱས་པའི་ཐེར་འདོན་གོང་ཞུའི་གྲངས་གཞིར་བལྟས་ཚེ། རླངས་འཁོར་འཛད་སྤྱོད་ཐད་ཀྱི་ཐེར་འདོན་གོང་ཞུ་ཡིས་བསྡུར་གྲངས་མང་ཤོས་བཟུང་ཡོད།

    རླངས་འཁོར་འཛད་སྤྱོད་ཐད་ཀྱི་རྩོད་གཞི་མང་ཆེ་བ་རླངས་འཁོར་བཙོངས་རྗེས་ཀྱི་ཞབས་ཞུ་དང་རླངས་འཁོར་ཉམས་བཟོ་སོགས་ཀྱི་ཐད་ཐོན་གྱི་ཡོད། རླངས་འཁོར་ཐད་ཀྱི་ཐེར་འདོན་གོང་ཞུ་ཇེ་མང་དུ་སོང་བའི་རྒྱུ་རྐྱེན་གཙོ་བོའི་གྲས་སུ། “འགན་ལེན་གསུམ”གྱི་དུས་བཀག་ནང་རླངས་འཁོར་གྱི་ལྷུ་ལག་གཙོ་བོར་སྤུས་ཚད་ཀྱི་གནད་དོན་ཐོན་པ་དང་། ཚོང་པས་རིན་མེད་བདག་སྐྱོང་གི་འགན་འཁྲི་འཁུར་འདོད་མེད་པ། རླངས་འཁོར་ཕྱིར་ཚོང་བྱེད་པའི་བརྒྱུད་རིམ་ནང་བཙན་སྐུལ་འཛད་སྤྱོད་བྱེད་དུ་བཅུག་པའི་གནད་དོན། དཔེར་ན། འཛད་སྤྱོད་པས་འགྱུར་རྟེན་སྤྲད་རྗེས་ངེས་པར་དུ་རླངས་འཁོར་འགན་བཅོལ་སོགས་འབྲེལ་ཡོད་ཐོན་རྫས་ཉོ་དགོས་པའི་རེ་བ་བཏོན་པ་དང་། འཛད་སྤྱོད་པས་རླངས་འཁོར་ཉོས་རྗེས་ཚོང་པས་ཁས་བླངས་པའི་དུས་བཀག་ནང་རླངས་འཁོར་གྱི་ཚད་ལོན་ལག་ཁྱེར་སྤྲོད་མི་ཐུབ་པའི་དབང་གིས་རྗེས་མཐུད་འགྲོ་ལུགས་གཉེར་མི་ཐུབ་པ་སོགས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།