[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་བྱིས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འགག་རྩའི་གནད་དོན་ཞིབ་ཕྲ་ཁག་བཅུ་ལ་དོ་ཁུར་བྱེད་དགོས་པའི་དྲན་སྐུལ་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ཉེ་ཆར། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་སྤྱི་དམངས་ཀྱིས་བྱིས་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་འགག་རྩའི་གནད་དོན་ཞིབ་ཕྲ་ཁག་བཅུ་ལ་དོ་ཁུར་བྱས་ཏེ་བྱིས་པའི་འགྲིམ་འགྲུལ་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས་པའི་དྲན་སྐུལ་བྱས་པ་སྟེ།

    1 རྒྱ་ལམ་ཐོག་གློ་བུར་དུ་ལམ་འཕྲེད་བཅད་གཏོང་བ་དང་། རྒྱུག་ཤར་གློད་པ། ལམ་དཀྱིལ་ནས་རྒྱབ་བཤིག་རྒྱག་པ།

    2 ལམ་ཟུར་དུ་བཞག་པའི་རླངས་འཁོར་གྱི་བར་ནས་བསྐྱོད་པའམ་ཡང་ན་རྒྱབ་ནས་ལམ་འཕྲེད་བཅད་གཏོང་བ།

    3 སྡེ་ཁུལ་གྱི་ལམ་བུ་དང་། རླངས་འཁོར་འཇོག་ས། ལམ་ཟུར་གྱི་རླངས་འཁོར་འཇོག་ཁུལ་བཅས་སུ་རྩེད་མོ་རྩེ་ནས་སྡོད་པ།

    4 རླངས་འཁོར་ལ་སྡོད་སྐབས་སྒེའུ་ཁུང་ནས་མགོ་དང་ལག་པ་སོགས་རྐྱོང་བ།

    5 ལོ་12ལ་མ་སླེབས་པར་རྐང་འཁོར་བཞོན་ནས་འགྲོ་བ།

    6 ཕྲུ་གུ་རྐང་འཁོར་གྱི་རྒྱབ་ཏུ་བསྐྱོན་ནས་ཟོག་འདྲེན་རླངས་འཁོར་དང་བཅར་ནས་སྐྱོད་པ།

    7 ཕྲུ་གུ་གཅིག་པུ་རླངས་འཁོར་ནང་འཇོག་པ།

    8 རླངས་འཁོར་གཏོང་སྐབས་ཕྲུ་གུ་པང་དུ་ཉར་བའམ་ཡང་ན་ཕྲུ་གུ་མདུན་གྱི་རྐུབ་བཀྱག་ཐོག་འཇོག་པ།

    9 ཕྲུ་གུ་རྐང་འཁོར་གྱི་སི་རའི་ནང་འཇོག་པ།

    10 ལམ་འཕྲེད་བཅད་གཏོང་སྐབས་ཕྲུ་གུ་གང་བྱུང་དུ་རྒྱུག་ཤར་གློད་དུ་བཅུག་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།