[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ལྷ་ས་མེ་ཟོན་ཉིང་ལག་རུ་ཁག་གིས་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    《ལྷ་ས་གྲོང་ཁྱེར་གྱི་2019ལོའི“བདེ་འཇགས་ཐོན་སྐྱེད་ཟླ་བ”དང“བདེ་འཇགས་ཐོན་སྐྱེད་ཀྱི་བོད་ཀྱི་བྱ་སྤྱོད”བྱེད་སྒོའི་ཇུས་གཞི》གཞིར་བཟུང་། ཉེ་ཆར་ལྷ་ས་གྲོང་ཁྱེར་མེ་ཟོན་ཉིང་ལག་རུ་ཁག་གིས་གཡུ་ཐོག་ལམ་དུ་2019ལོའི“བདེ་འཇགས་ཐོན་སྐྱེད་ཀྱི་བོད་ཀྱི་བྱ་སྤྱོད”ཅེས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་བསྒྲགས་བློ་འདྲིའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཚོས་རིམ་ཁག་མེ་ཟོན་སྡེ་ཚན་ལ་དམངས་ཡོངས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་གེགས་འགོག་དང་གནོད་འཚེ་ཉུང་གཏོང་གི་འཇོན་ཐང་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། མང་ཚོགས་ཀྱི་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་དང་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་དང་འཕྲལ་སྡོམ་ཉེན་གཡོལ་གྱི་ཤེས་བྱ་དྲིལ་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། དེའི་རིང་ལས་ཀའི་བཀོད་སྒྲིག་ལྟར་ལྷ་ས་གྲོང་ཁྱེར་མེ་ཟོན་ཉིང་ལག་རུ་ཁག་ཁོངས་གཏོགས་ཀྱི་རྫོང་རུ་ཆེན་ཁག་གིས་དུས་གཅིག་ཏུ་བདེ་འཇགས་ཐོན་སྐྱེད་དྲིལ་བསྒྲགས་ཀྱི་བློ་འདྲིའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།