[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • “ཉེས་ཅན་པར་ཆད་པ་ནན་པོ་བཅད”ཚེ་གཞི་ནས་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་ཐུབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    ཟླ་6ཚེས་29ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་རིམས་འགོག་སྨན་ཁབ་དོ་དམ་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2019ལོའི་ཟླ་12ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། འདི་ནི་རང་རྒྱལ་གྱིས་རིམས་འགོག་སྨན་ཁབ་དོ་དམ་ཐད་ཆེད་མངགས་བཟོས་པའི་བཅའ་ཁྲིམས་ཤིག་ཡིན་པས་རིམས་འགོག་སྨན་ཁབ་ལ་དོ་དམ་ལམ་ལུགས་ནན་ཤོས་བཟོས་ཏེ། བདེ་འཇགས་ཨང་དང་པོ་དང་། ཉེན་ཁར་དོ་དམ། བརྒྱུད་རིམ་ཧྲིལ་པོར་དོ་དམ་ཚོད་འཛིན། ཚན་རིག་དང་མཐུན་པའི་སྒོ་ནས་ལྟ་སྐུལ་དོ་དམ་བཅས་སྤྱི་ཚོགས་ཀྱི་མཉམ་བཅོས་མཐའ་འཁྱོངས་བྱ་རྒྱུ་རེད། རིམས་འགོག་སྨན་ཁབ་དོ་དམ་བཅའ་ཁྲིམས་ནང་། རིམས་འགོག་སྨན་ཁབ་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་དང་། ཁྲིམས་འགལ་ངང་རིམས་འགོག་སྨན་ཁབ་རྫུས་མ་དང་སྤུས་ཞན་ཐོན་སྐྱེད་ཕྱིར་ཚོང་དང་། ཐོན་སྐྱེད། ཉར་ཚགས། སྐྱེལ་འདྲེན་བཅས་ཀྱི་འབྲེལ་ཡོད་སྤུས་ཚད་དོ་དམ་ཚད་གཞིའི་བླང་བྱ་དང་འགལ་རིགས་ལ་སྤྱིར་བཏང་སྨན་རྫས་ལས་ཆད་པ་དེ་བས་ནན་པོ་གཅོད་རྒྱུ། “ཆད་པ་མིར་གཅོད་པའི”བླང་བྱ་དོན་འཁྱོལ་བྱ་རྒྱུ་དང་། ཁྲིམས་ལྟར་དངུལ་ཆད་གཅོད་རྒྱུ་དང་། སྲིད་འཛིན་བཀག་ཉར་བྱ་རྒྱུ། ལས་རིགས་དེའི་ནང་ཞུགས་རྒྱུར་བཀག་འགོག་བྱ་རྒྱུ་དང་ཐ་ན་ཚེ་གང་ལས་རིགས་དེའི་ནང་ཞུགས་ཆོག་གི་མེད་པ་རེད།

    རིམས་འགོག་སྨན་ཁབ་ཀྱི་ནུས་པ་གཙོ་བོ་ནི་ནད་ཡམས་སྔོན་འགོག་བྱ་རྒྱུ་དེ་ཡིན་པ་དང་རིམས་འགོག་སྨན་ཁབ་རྒྱག་ཡུལ་གཙོ་བོ་ནི་བྱིས་པ་དམར་འབྱར་རམ་ཡང་ན་དེ་མཚུངས་ཀྱི་ནད་པ་ཡིན་པ་རེད། རིམས་འགོག་སྨན་ཁབ་ནི་སྤྱི་དམངས་དང་ལྷག་པར་དུ་སྨན་ཁབ་རྒྱག་ཡུལ་གྱི་ཚེ་སྲོག་བདེ་ཐང་དང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས། རྒྱལ་ཁབ་དང་མི་རིགས་ཀྱི་འབྱུང་འགྱུར་གྱི་ཚེ་སྲོག་བདེ་འཇགས་བཅས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས་འདི་ནི་འཐབ་ཇུས་རང་བཞིན་དང་སྤྱི་ཕན་རང་བཞིན་གྱི་སྨན་རྫས་ཤིག་རེད། རིམས་འགོག་སྨན་ཁབ་ལས་རིགས་ཁྲོད་ཟང་ཟིང་གི་སྣང་ཚུལ་དང་ལྷག་པར་དུ་རིམས་འགོག་སྨན་ཁབ་རྫུས་མ་དང་སྤུས་ཞན་ཐོན་པ་དེས་རིམས་འགོག་སྨན་ཁབ་རྒྱག་ཡུལ་གྱི་གཟུགས་གཞི་བདེ་ཐང་ལ་གནོད་འཚེ་བཟོས་པ་མ་ཟད་དེ་བས་སྲིད་གཞུང་གི་སྤྱི་མོས་ཐོབ་ཚད་ཆུང་དུ་འགྲོ་གི་ཡོད། དེར་བརྟེན་ལྟ་སྐུལ་དོ་དམ་ནན་ཤོས་ལག་བསྟར་བྱེད་པ་དང་དེ་བཞིན་རིམས་འགོག་སྨན་ཁབ་ཀྱི་ཉེས་གསོག་བྱེད་སྤྱོད་ལ་ཉེས་དོན་ཆད་པ་ནན་ཤོས་བཅད་ཚེ་གཞི་ནས་རིམས་འགོག་སྨན་ཁབ་ཀྱི་བདེ་འཇགས་རྩ་བའི་ཆ་ནས་འགན་ལེན་བྱེད་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།