[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • རླངས་འཁོར་ཉམས་བཟོའི་ལས་རིགས་ཞབས་ཞུའི་ལས་རིགས་ནས་ཞུ་གཏུག་རྒྱག་ཚད་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཁྲོམ་ར་ཁོའོ་ཡི་འགན་འཁུར་བ་ནོར་བཟང་རྒྱན་མཚན་གྱིས་བདག་སྤྲོད་བྱས་པའི་ཞུ་གཏུག་ཁྲོད་ཚོང་ཟོག་གི་སྤུས་ཚད་རིགས་ཀྱི་ཞུ་གཏུག་319དང་ཞབས་ཞུའི་རིགས་ཀྱི་ཞུ་གཏུག་392ཟིན་པ་དེ་ཞུ་གཏུག་བསྡོམས་འབོར་གྱི་44.9%དང55.1%སོ་སོར་ཟིན་ཡོད་ཅེས་ངོ་སྤྲོད་བྱས།

    ངོ་སྤྲོད་བྱས་པར་གཞིགས་ན། ཚོང་ཟོག་རིགས་ཀྱི་ཞུ་གཏུག་རྒྱག་ཚད་ཨང་དང་པོ་ནས་བཞི་པ་བར་ནི་འགྲིམ་འགྲུལ་ཡོ་ཆས་དང་། རྒྱུན་མཁོའི་ཚོང་ཟོག ཁྱིམ་སྤྱོད་གློག་ཆས། འཕྲིན་གཏོང་ཡོ་ཆས་བཅས་ཡིན་ཞིང་། དེའི་ཁྲོད་འགྲིམ་འགྲུལ་ཡོ་ཆས་ཀྱི་ཞུ་གཏུག་གཙོ་བོ་རླངས་འཁོར་དང་རླངས་འཁོར་གྱི་ལྷུ་ལག་ལ་ལྷག་པའི་གནད་དོན་ཡིན་པ་དང་། ཁྱིམ་སྤྱོད་གློག་ཆས་ཀྱི་ཞུ་གཏུག་ནང་གཙོ་བོ་འཛད་སྤྱོད་པས་ཚོང་ཟོག་ཉོས་རྗེས་སྤུས་ཚད་ཀྱི་གནད་དོན་ཐོན་པ་དང་། འགན་ལེན་གསུམ་དོན་ཐོག་ཏུ་མི་འཁྱོལ་བ། དེ་བཞིན་བཟོ་གྲྭ་དང་ཉམས་བཟོའི་བྱེད་མཁན་དབར་འགན་ཁག་དཀྲི་རེས་བྱས་ནས་འགན་འཁྲི་མི་འཁུར་བའི་གནད་དོན་ཡིན་པ། གློག་འཕྲིན་གློག་ཆས་ཞུ་གཏུག་གི་གནད་དོན་ནང་གཙོ་བོ་ནི་ལག་ཐོགས་ཁ་པར་སྐྱོན་ཤོར་ནས་ཚོང་པས་འགན་ཁག་དཀྲིས་ནས་དུས་ཚོད་ནར་འགྱངས་བྱེད་པ་དང་། མིས་སྐྱོན་བཏང་བའམ་ཡང་ན་ལྷུ་ལག་མེད་པར་ཁ་གཡར་ནས་ཉམས་བཟོ་མི་བྱེད་པའམ་ཡང་ན་ཉམས་བཟོ་ནར་འགྱངས་བྱེད་པ། དེ་མིན་རྒྱུ་མཚན་གཞན་ལ་ཁ་གཡར་ནས་འཛད་སྤྱོད་པར་ཁྲལ་སེལ་བྱེད་པ་སོགས་ཀྱི་གནད་དོན་རེད།

    ཞུ་གཏུག་དང་ཐེར་འདོན་ཉུང་དུ་གཏོང་ཆེད། ནོར་བཟང་རྒྱལ་མཚན་གྱིས་ཁྲིམས་བསྟར་སྡེ་ཚན་གྱིས་ཞུ་གཏུག་ཐེར་འདོན་མང་བའི་ལས་རིགས་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག འཛད་སྤྱོད་པའི་ཞུ་གཏུག་ཐག་གཅོད་ཀྱི་གནས་ཚུལ་དང་ཚོང་གཉེར་བས་འཛད་སྤྱོད་ཀྱི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ལས་འགལ་བའི་གནས་ཚུལ་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་ནང་འཇུག་རྒྱུའི་འཚོལ་ཞིབ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་འཛད་སྤྱོད་ཉེན་ཁའི་ཚོད་སྐོར་ལམ་སྲོལ་དང་འཛད་སྤྱོད་འགན་བཅོལ་ལམ་སྲོལ་བཙུགས་ཏེ་འཛད་སྤྱོད་བདེ་འཇགས་སྤྱི་ཚོགས་འགན་འཁྲིའི་འགན་བཅོལ་འཚོལ་ཞིབ་བྱས་ནས་ནང་འདྲེན་བྱེད་པ་དང་། གཞན་ཡང་། སྡེ་ཚན་མང་པོའི་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་འཛད་སྤྱོད་ཁྱབ་ཁོངས་ལ་ཐུན་མོང་ཐོག་བཅོས་སྒྲིག་བྱེད་དགོས་ཞེས་བརྗོདཔ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།