[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་སྔ་རྗེས་སུ་ཁོངས་གཏོགས་ཁུལ་གྱི་དོ་བདག་གི་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-06

    སྤྱི་ཚོགས་ཀྱི་བདེ་འཇགས་སྒྲིག་ལམ་རྒྱུན་སྲིང་བརྟན་ལྷིང་ཡོང་རྒྱུ་འགན་ལེན་བྱས་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་སེལ་བ་དང་ལས་རིགས་འདུ་གནས་ཚད་ལྡན་རང་བཞིན་གྱི་ཁྲིད་སྟོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ལས་རིགས་འདུ་གནས་ཁྲིམས་མཐུན་སྒྲིག་མཐུན་ངང་གཉེར་སྐྱོང་བྱ་རྒྱ་འགན་ལེན་བྱ་ཆེད། ཉིན་ཤས་གོང་ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྔ་རྗེས་སུ་ཁོངས་གཏོགས་ཁུལ་གྱི་ཚན་པ་དང་། བོགས་གཏོང་ཁང་པ། སྡེ་ལས་ཁུལ་ཆུང་བཅས་དང་དེ་བཞིན་ལས་རིགས་ཁག་གི་འགན་འཁུར་བ་སྒྲིག་འཛུགས་བྱས་ནས་དོ་བདག་གི་ཚོགས་ཆེན་འཚོགས་པ་རེད།

    ཟླ་7ཚེས་26ཉིན་གྱི་སྔ་དྲོ། རྔ་ཆེན་ཤང་མངགས་གཏོང་ཁང་གླང་རུ་སྡེ་ཁུལ་གྱི་ཉེན་རྟོག་ལས་དོན་ཁང་གིས་ཁོངས་གཏོགས་ཁུལ་གྱི་གྲོང་ལྷན་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ཚན་པ་དང་། བོགས་གཏོང་ཁང་པ། སྡེ་ལས་ཁུལ་ཆུང་བཅས་ཀྱི་འགན་འཁུར་བ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་དུས་ཚིགས་གསུམ་པའི་དོ་བདག་གི་ཚོགས་ཆེན་འཚོགས་པ་རེད། ཚོགས་འདུའི་ཐོག་མི་དམངས་ཉེན་རྟོག་པས་འབྲེལ་ཡོད་ཚན་པ་དང་། བོགས་གཏོང་ཁང་པ། སྡེ་ལས་ཁུལ་ཆུང་བཅས་ལ་ལྷག་པའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བརྡ་ཁྱབ་བཏང་བ་མ་ཟད། ཚང་མར“ནག་སེལ་གཤེད་བཅོམ”གྱི་འབྲེལ་ཡོད་ལས་ཀའི་གནས་ཚུལ་དང་མེ་ཟོན་བདེ་འཇགས་དང་འབྲེལ་ཡོད་ཐོ་འགོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་གལ་ཆེའི་རང་བཞིན་སྒྲོག་འགྲེལ་བྱས་པ་རེད།

    ཉེ་ཆར། ཀུན་བདེ་གླིང་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་དྲ་ཁང་དང་གླུ་གར་རོལ་རྩེད་ཁང་སོགས་རོལ་རྩེད་ཁང་གི་དོ་བདག་50ལྷག་ཙམ་དང་འབྲེལ་བ་བྱས་ནས་རོལ་རྩེད་ཁང་གི་དོ་བདག་གི་ཚོགས་ཆེན་འཚོཌ་པ་རེད། ཀུན་བདེ་གླིང་མངཌ་གཏོང་ཁང་གིས་རོལ་རྩེད་ཁང་ཁག་གཅིག་གི་མེ་ཟོན་སྒྲིག་བཀོད་ཀྱི་བདེ་འཇཌ་ཀྱི་མི་མངོན་པའི་རྐྱེན་ངན་གཅིག་སྡུད་ཐོག་བརྡ་ཁྱབ་བཏང་བ་དང་། འདུ་གནས་ཁག་ལ་ལམ་ལུཌ་ཁག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་དང་། བདེ་འཇཌ་ཐོན་སྐྱེད་དོན་འཁྱོལ་བྱེད་པ་དང་བདེ་འཇགས་ཀྱི་འདུ་ཤེས་འཛུགས་པའི་ཐད་ཞིབ་ཕྲའི་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཟླ་7ཚེས་25ཉིན་སྟག་རྩེ་ཆུས་སྤྱི་བདེ་ཅུས་བདེ་འཇགས་རུ་ཆེན་གྱིས་ཁོངས་གཏོགས་ཁུལ་གྱི་ལས་རིགས་འདུ་གནས་ཀྱི་འགན་འཁུར་བ་སྒྲིག་འཛུགས་བྱས་ནས་དོ་བདག་གི་ཚོགས་ཆེན་འཚོགས་པ་མ་ཟད། ལས་རིགས་འདུ་གནས་ཀྱི་འགན་འཁྲིའི་ཡི་གེ་བཞག་པ་དང་ཆབས་ཅིག ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་ལས་རིགས་འདུ་གནས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་གནས་ཚུལ་བརྡ་ཁྱབ་ཀྱང་བཏང་བ་རེད། མི་དམངས་ཉེན་རྟོག་པས་འབྲེལ་ཡོད་ལས་རིགས་འདུ་གནས་ལ་རང་འདོམས་ལ་ཤུགས་སྣོན་རྒྱག་པ་དང་ཁྲིམས་སྲུང་གཉེར་སྐྱོང་བྱེད་དགོས་པ་དང་། འདུ་གནས་ཁག་གིས་ངེས་པར་དུ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ནས་འདུ་གནས་དོ་དམ་བྱེད་དགོས་པ། ནང་ངོས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་འདུ་གནས་ཀྱི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སྣ་ཚོགས་སེལ་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་མ་ཟད། ལས་རིགས་འདུ་གནས་ཀྱི་འགན་འཁྲིའི་ཡི་གེ་བཞག་ནས་འདུ་གནས་ཀྱི་འགན་འཁུར་བའི་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་བ་རེད།

    ཉེ་ཆར་མལ་གྲོ་གུང་དཀར་རྫོང་སྤྱི་བདེ་ཅུས་གུང་དཀར་གྲོང་རྡལ་མངགས་གཏོང་ཁང་གིས་གྲོང་རྡལ་སྲིད་གཞུང་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ཚོང་ཁང་གི་དོ་བདག་སྒྲིག་འཛུགས་བྱས་ནས་བདེ་འཇགས་དོ་དམ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ། རླངས་འཁོར་ཉམས་གསོ་དང་བཟའ་བཏུང་སོགས་ཚོང་ཁང་གི་དོ་བདག་100ལྷག་ཙམ་ཚོགས་འདུར་ཞུགས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་ཉེ་དུས་ཀྱི་བདེ་འཇགས་གནས་ཚུལ་བརྡ་ཁྱབ་བཏང་སྟེ་འབྲེལ་ཡོད་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་ལས་དོན་ཐད་ནན་བཤད་བྱས་པ་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་ཀྱང་བྱས་པ་དང་། དོ་བདག་ཚོས་བཏོན་པའི་གནད་དོན་སྣ་ཚོགས་ལ་ལན་བརྒྱབ་པ་རེད།

    བྱེད་ཐབས་དེ་ལས་ཁོངས་གཏོགས་ཁུལ་གྱི་རིགས་ཁག་གི་བདེ་འཇགས་དོ་དམ་ཤུགས་ཆེར་ཕྱིན་པ་དང་། དོ་བདག་ཚོ་དང་དེ་བཞིན་འབྲེལ་ཡོད་འདུ་གནས་ཀྱི་འགན་འཁུར་བའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད་ལ། ཉེན་རྟོག་པ་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་ནས་ཁོངས་གཏོགས་ཁུལ་གྱི་རྒྱུན་བསྲིང་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།