[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་ལྷ་ས་སློབ་ཆུང་དང་པོར་འགྲིམ་འགྲུལ་བདེ་འཇཌ་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གནའ་གྲོང་རུ་ཆེན་གྱི་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    གནའ་གྲོང་རུ་ཆེན་གྱི་ཉེན་རྟོག་པ་ཉི་མ་ཚེ་རིང་གིས་སློབ་མ་དང་ཁྱིམ་བདག་ལ་འགྲིམ་འགྲུལ་བྱ་སྤྱོད་ཚད་ལྡན་དང་། གཞི་རྩའི་འགྲོ་སྐྱོད་ཀྱི་རྩ་དོན་སོགས་ལ་གསོན་ཉམས་ལྡན་པའི་འགྲེལ་བཤད་བརྒྱབ་པ་རེད། སློབ་མ་རྣམས་ཀྱིས་བློ་ལ་ངེས་ཆེད། ཉི་མ་ཚེ་རིང་གིས་ཆེད་མངགས་གོ་སླ་བའི་འགྲིམ་འགྲུལ་སྒྲིག་སྲོལ་ཁག་གཅིག《འགྲིམ་འགྲུལ་བདེ་འཇགས་མན་ངག》རྩོམ་སྒྲིག་བྱས་པ་མ་ཟད། ཚོགས་འདུའི་རྗེས་སུ་འཛིན་གྲྭ་ཁག་གི་དགེ་རྒན་ལ་སྤྲད་པ་རེད། གྲོང་ལྷོ་རུ་ཆེན་གྱི་རུ་དཔོན་གཞོན་པ་ཧྲེན་ཅིང་ཀྲི་ཡིས་ཁྱིམ་བདག་དང་སློབ་མ་དང་འབྲེལ་བཟབ་པའི་འགྲིམ་འགྲུལ་བདེ་འཇགས་ཀྱི་དོ་སྣང་བྱེད་དགོས་པའི་དོན་དག་འགར་དྲན་སྐུལ་བྱས་པ་དཔེར་ན“གློག་སྒུལ་སྦག་སྦག་བཏང་ནས་ཕྲུ་གུ་སྐྱེལ་སྐབས། བདེ་འཇགས་ཞྭ་མོ་གྱོན་དགོས་པ”དང“གློག་སྒུལ་སྦག་སྦག་ལ་མི་གཉིས་ཡན་བསྡད་མི་ཆོག་པ”སོགས་རེད། དེ་རྗེས། ཧྲེན་ཅིང་ཀྲི་དང་ཁྱིམ་བདག་ཚོས་སློབ་གྲྭའི་ཉེ་འགྲམ་དུ་རླངས་འཁོར་འཇོག་པའི་གནད་དོན་སོགས་ལ་སྤེལ་རེས་བགྲོ་གླེང་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།