[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས།

    སློབ་གྲྭར་ཐིག་ལེན་རིས་འབྲིའི་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-17

    ཉེ་ཆར། རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་དུ“ང་ཡི་ཀྲུང་གོ ང་ཡི་ཁྱིམ་ཚང”ཞེས་པ་བརྗོད་དོན་གཙོར་བོར་བྱས་པའི་2019ལོའི་ཐིག་ལེན་རིས་འབྲིའི་བཅའ་ཁྲིམས་དྲིལ་བསྒྲགས་ཉིན་མོ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་སློབ་གྲྭར་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་གཉེར་ཏེ། ལྷ་ཀླུ་སློབ་ཆུང་གི་ལོ་རིམ་བཞི་པའི་འཛིན་གྲྭ་དང་པོའི་སློབ་མ་54ལ་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་ཤེས་བྱ་བརྗོད་དོན་གཙོ་བོར་བྱས་པའི་འཛིན་ཚོགས་དམིགས་བསལ་ཞིག་འཚོཌ་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། རང་བྱུང་ཐོན་ཁུངས་ཐིང་གི་འབྲེལ་ཡོད་འགན་འཁུར་བས་སློབ་མ་ཚོར་དྲིལ་བསྒྲགས་བརྙན་ཐུང་བསྟན་ཏེ། རང་རྒྱལ་གྱི་ས་ཁམས་ཆགས་ཚུལ་དང་། མངའ་ཁོངས། ཐའེ་དབན་དང་ཏེའོ་ཡུས་གླིང་ཕྲན། དེ་བཞིན་ལྷོ་རྒྱ་མཚོའི་གླིང་ཚོམ་སོགས་ཀྱི་ཤེས་བྱ་ངོ་སྤྲོད་བྱས་པ་དང་། རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་གོ་དོན་དང་། ས་བཀྲའི་གྲུབ་ཆ། ས་ཁམས་ཆ་འཕྲིན་གྱི་འབྲེལ་ཡོད་ཤེས་བྱ་བཅས་འགྲེལ་བཤད་བྱས་ཁར། ཤེས་བྱ་འགྲན་བསྡུར་ལ་སོགས་མཉམ་འགུལ་གྱི་རྣམ་པའི་ཐོག་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སེམས་ཆེ་རུ་བཏང་སྟེ། ཕྲུ་གུ་ཚོར་ཆུང་བྱིས་པའི་དུས་ནས་ཀྲུང་གོའི་ས་བཀྲ་ཡང་དག་སྤྱོད་ཤེས་པ་དང་། “ས་བཀྲ་སྐྱོན་ཅན”དབྱེ་འབྱེད་བྱེད་ཤེས་པ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ་བཅས་ཀྱི་རྒྱལ་ཁབ་ཀྱི་མངའ་ཁོངས་འདུ་ཤེས་འཇགས་ཐབས་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།