[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས“སློབ་འགོ་ཚུཌ་པའི་སློབ་ཚན་དང་པོ”ཁྲིད་འགོ་ཚུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    ཆུ་ཤུར་ས་ཚིགས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཆུ་ཤུར་རྫོང་རྟ་དཀར་ཤང་ལྟེ་བའི་སློབ་ཆུང་གི་སློབ་མར་ལམ་གཅེས་ལམ་སྲུང་གི་དྲིལ་བསྒྲཌ་ཡིག་ཆས་སྤྲོད་བཞིན་པ།

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་ལྕཌ་ལམ་སྤྱི་བདེ་ཁྲུའུ་དོ་དམ་ཁོངས་གཏོགས་ཀྱི་ལྕགས་ལམ་ཉེ་འཁོར་གྱི་སློབ་གྲྭ་ཁག་གཅིག་རྗེས་གཉིས་མཐུད་ངང་སློབ་འགོ་ཚུགས་པ་དང་། ལྷ་ས་ལྕགས་ལམ་ཉེན་རྟོག་ཕྱོགས་ཀྱིས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་ལྷ་ས་བབས་ཚུགས་དང་། ལྷ་སའི་ནུབ་ཕྱོགས་བབས་ཚུགས། ནག་ཆུ། གཞིས་རྩེ། ཆུ་ཤུར་སོགས་གཞི་རིམ་མངགས་གཏོང་ཁང་དང་སྙེ་མོ་དང་། འདམ་གཞུང་། རིན་སྤུངས་སོགས་ལམ་ཐིག་གི་ཉེན་དོན་ཁུལ་གྱི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་ལྕགས་ལམ་ལམ་རྒྱུད་ཀྱི་སློབ་གྲྭར་བསྐྱོད་ནས། “སློབ་འགོ་ཚུགས་པའི་སློབ་ཚན་དང་པོར”ལམ་གཅེས་ལམ་སྲུང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ལྕགས་ལམ་ལམ་རྒྱུད་ཀྱི་སློབ་གྲྭའི་དགེ་སློབ་ཚོར་སློབ་འགོ་ཚུགས་དུས་ཀྱི་ལྕགས་ལམ་ལམ་ཕྱིའི་བདེ་འཇགས་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་བསྐྱར་དུ་ཚོར་བ་བྱས་ཡོད། ལྕགས་ལམ་སྤྱི་བདེ་མི་དམངས་ཉེན་རྟོག་པས་གཅིག་སྡུད་སྒྲོག་འགྲེལ་དང་། ལྕགས་ལམ་གྱི་བདེ་འཇགས་རྒྱུན་ཤེས་འགྲེམས་པང་གསལ་འགྲེལ་བྱེད་པ། དྲིལ་བསྒྲགས་རི་མོ་སྤྲོད་པ། བྱ་དགའ་ཡོད་པའི་ལྕགས་ལམ་བདེ་འཇགས་ཀྱི་རྒྱུན་ཤེས་ཀྱི་ལན་འདེབས་སོགས་ཀྱི་བྱ་ཐབས་བརྒྱུད། ལམ་རྒྱུད་ཀྱི་དགེ་སློབ་ཚོར་ལྕགས་ལམ་བདེ་འཇགས་ཀྱི་རྒྱུན་ཤེས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་བ་རེད། “དུས་བདེའི་ས་ཚིགས་ཀྱིས་འགྲོ་སྐྱོད་ལ་སྲུང་སྐྱོང་བྱེད་པའི”ཆེད་དོན་བྱ་སྤྱོད་སྤེལ་ཚུན། ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི་མངགས་གཏོང་ཁང་ཁག་དང་། ཉེན་དོན་ཁུལ་གྱིས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”བརྗོད་དོན་གཙོ་བོར་བྱས་ཏེ་རིམ་རྩིས་བྱས་ན་དྲིལ་བསྒྲཌ་པར་གཞི་4000ལྷག་ཙམ་སྤྲད་པ་དང་། སློབ་གསོ་ཐེབས་པའི་སློབ་མ་4000ལྷག་ཙམ་ཟིན་ནས་ལམ་གཅེས་ལམ་སྲུང་གི་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་ཕན་འབྲས་སྔར་བས་ཆེ་བ་ཐོབ་པ་དང་། “སློབ་མ་གཅིག་ལ་དྲིལ་བསྒྲགས་བྱེད་པ་དང་། དུད་ཚང་གཅིག་ལ་སྣེ་ཁྲིད་བྱེད་པ། སློབ་གྲྭ་གཅིག་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་པ། ས་ཁོངས་གཅིག་བདེ་འཇགས་ལྡན་པ་བྱེད་པ”བཅས་ཀྱི་དམིགས་ཚད་དངོས་འབྲེལ་མངོན་འགྱུར་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།