[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་བློ་འདྲི།
  • 2016ལོའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གང་དག་གིས་ཁྱེད་ཀྱི་འཚོ་བར་དྲོ་སྐྱིད་སྦྱིན་ཡོད་དམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-02-05

    1.ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་དོན་འཁྱོལ་བྱས་པ་དེས་ཁྱེད་ལ་བདེ་སྐྱིད་ཚོར་སེམས་དེ་བས་ཆེ་བ་ལྡན་པ།

    2.“གནས་སྡོད་ལག་ཁྱེར”མེད་པ་བཟོས་ནས“གནས་གཡར་ལག་ཁྱེར”ལག་བསྟར་བྱས་པ་དེས་ཁྱེད་ལ་གཏོགས་སེམས་དེ་བས་ཆེ་བ་ལྡན་པ།

    3.ཁྱིམ་ཚང་གི་གཏུམ་སྤྱོད་ཐད་ཁྲིམས་ལུགས་བཟོས་ནས་གནོད་འཚེ་ཕོག་མཁན་ལ་ཞུ་གཏུག་རྒྱག་ས་ཡོད་པ།

    4.རླུང་ཁམས་ཆེ་མོའི་སྦགས་བཙོག་ཚོད་འཛིན་ཤུགས་ཆེན་བྱས་ཏེ་ཁྱེད་ལ་མཁའ་རླུང་གཙང་མ་རྔུབ་རྒྱུ་ཡོད་པ།

    5.བཟའ་བཅའི་བདེ་འཇགས་འགག་སྒོ་ནན་པོ་སྲུང་ནས་ཁྱེད་ལ་བློ་བདེའི་ངང་ཁ་ལག་ཟ་རྒྱུ་ཡོད་པ་བྱས་པ།

    6.ཡིག་རྒྱུགས་ཐད་གཡོ་ལས་འཁྲབ་མཁན་ལ་ཆད་པ་ནན་པོ་བཅད་དེ་ཁྱེད་ལ་ཡིག་རྒྱུགས་ཐད་དེ་བས་དྲང་བཞག་ཡོང་བ་བྱས་པ།

    7.ཞལ་འདེབས་ཐད་ཞིབ་བཤེར་ནན་པོ་བྱས་ནས་ཁྱེད་ཀྱིས་ཕུལ་བའི་ཞལ་འདེབས་དམིགས་སར་འབྱོར་བ་བྱས་པ།

    8.དྲ་རྒྱའི་ཐད་གཏོང་ཚད་ལྡན་བཟོས་ནས་ཁྱེད་ཀྱི་དྲ་རྒྱའི་བར་མཐོངས་དེ་བས་གཙང་མ་ཡོང་བ་བྱས་པ།

    9.སྤྱི་ཚོགས་ཀྱི་འཚོ་བར་སྒྲིག་ལམ་བཟོས་ནས་ཁྱེད་ཀྱི་ཁེ་དབང་ལ་དེ་བས་འགན་ལེན་ཡོད་པ་བྱས་པ་བཅས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།