[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་བློ་འདྲི།
  • དགུན་དུས་མེ་ཟོན་གྱི་མི་མངོན་པའི་རྐྱེན་ངན་སྔོན་འགོག་བྱེད་པའི་ཤེས་བྱ་ཁག་གཅིག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-02-14

    དགུན་དུས་ཁྱིམ་ཚང་མང་པོས་གློག་གདན་སྤྱད་དེ་དྲོད་སྲུང་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་གློག་གདན་ལྟེབ་བརྩེགས་བརྒྱབ་ན་གློག་སྐུད་སྦྲེལ་མཚམས་ཚ་པོ་ཆགས་ཏེ། ལྕགས་རིགས་བཞུར་བ་མ་ཟད་དེའི་རྒྱུ་ཆ་དང་མལ་གདན་སོགས་ལ་མེ་འབར་ནས་མེ་སྐྱོན་ཐོན་སྲིད།

    ཉལ་ཁྲི་ཉིས་བརྩེགས་མའི་འགྲུལ་སྐྱེལ་རླངས་འཁོར་ལ་ལས་འཛོལ་ཐོན་ཚེ་ཇི་ལྟར་བྱས་ནས་ཐར་ཐབས་བྱེད་དགོས་སམ།

    དཔྱིད་གསར་སྐྱེལ་འདྲེན་དུས་སུ་ཉལ་ཁྲི་ཉིས་བརྩེགས་མའི་འགྲུལ་སྐྱེལ་རླངས་འཁོར་བསྡད་དེ་ཁྱིམ་དུ་ལོག་རྒྱུ་ནི་མི་མང་པོའི་གདམ་གར་གྱུར་ཡོད། ཡིན་ཡང་ལས་འཛོལ་མི་ཐོན་པ་བྱ་ཆེད། དོ་སྣང་བྱེད་དགོས་པ་འགའ་སྟེ།

    1.ཉལ་ཁྲིའི་ཐོག་རྡོག་ཁྲེས་འཇོག་མི་རུང་བ།

    2.རྨས་མ་སྐྱོབ་སྐབས་རང་ངོས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པ།

    3.རླངས་འཁོར་ལ་མེ་འབར་ཚེ་ཁ་དང་སྣ་ཁུང་བཀག་ནས་སྒུར་སྒུར་བྱས་ཏེ་འགྲོ་སྐྱོད་བྱེད་དགོས་པ་དང་། འུར་སྒྲ་སྒྲོག་མི་རུང་བ། གྱོན་གོས་ལ་མེ་འབར་ཚེ་གང་བྱུང་དུ་རྒྱུག་མི་རུང་བ་བཅས་ཡིད་ལ་བརྟན་པོ་ངེས་དགོས།

    ཇི་ལྟར་བྱས་ནས་བདེ་འཇགས་ངང་ཤོག་སྦག་སྤར་དགོས་སམ།

    ཆོག་འཐུས་ལག་ཁྱེར་ཡོད་པའི་ཆེད་ཚོང་ཁང་ནས་ཤོག་སྦག་ཉོ་བ་དང་སྡེབ་ཚོང་ཚོང་གཉེར་ཚན་པའི་མིང་མེད་པ་དང་། རྫུན་འགོག་མཚོན་རྟགས་མེད་པ། ཕྱིར་ཚོང་གི་ཆོག་འཐུས་ལག་ཁྱེར་མེད་པ་བཅས་ཀྱི་ཤོག་སྦག་ཉོ་མི་རུང་ལ་སྤར་ཡང་མི་རུང་། ཕྱི་རོལ་ཡུལ་དུ་ས་རྒྱ་ཆེ་བའི་བདེ་འཇགས་ཁུལ་བདམས་ནས་ཤོག་སྦག་སྤར་དགོས། སྐས་ཀ་དང་། སྣུམ་སྣོན་ས་ཚིགས། གློག་ཁང་སོགས་འབར་གས་སླ་བའི་ཁུལ་དུ་ཤོག་སྦག་སྤར་མི་རུང་། ན་སོ་དར་ལ་མ་བབས་པའི་མི་སྣས་ནང་མིའི་རོགས་རམ་འོག་ཤོག་སྦག་སྤོར་དགོས།

    གོས་འཁྲུའི་འཕྲུལ་འཁོར་ནང་བྱ་སྤུའི་སྟོད་གོས་བཀྲུས་ཚེ་འབར་གས་བྱེད་སྲིད།

    མཁའ་རླུང་གྲང་བ་དང་བསྟུན་ནས་བྱ་སྤུའི་སྟོད་གོས་གྱོན་ཚེ་ཧ་ཅང་དྲོ་པོ་ཡོད་རུང་། བྱ་སྤུའི་སྟོད་གོས་འཁྲུད་སྐབས་སྟོད་གོས་དེ་རིགས་ཀྱི་ཕྱི་ངོས་མང་ཆེ་བ་ཆུ་འགོག་རྒྱུ་ཆ་ཡིན་པས། གོས་འཁྲུའི་འཕྲུལ་འཁོར་ནང་སྐམ་པོ་བཟོ་སྐབས་རླངས་གཟུགས་མང་པོ་ཕྱིར་དོན་མ་ཐུབ་པར་དུས་ཚོད་རིང་པོ་སོང་རྗེས་འབར་གས་བྱེད་སྲིད་པས། བྱ་སྤུའི་སྟོད་གོས་མ་བཀྲུས་གོང་གོས་འཁྲུའི་ཐབས་ཤེས་ལ་ཡག་པོ་བལྟ་དགོས།

    སྤྱི་པའི་བར་ཁྱམས་ཀྱི་མེ་ཟོན་ཐབས་ལམ།

    བར་ཁྱམས་ནི་མེ་ཟོན་ཐོན་སྐབས་ཀྱི་མེ་ཟོན་བགྲོད་ལམ་གལ་ཆེན་དང་བདེ་འཇགས་ཐོན་སྒོ་ཡིན་པས། ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ངང་ཤར་བགྲོད་ཐུབ་པ་བྱེད་པ་ལས་ཅ་དངོས་ཟང་ཟིང་སྤུངས་མི་རུང་ལ། ལྷག་དོན་དུ་འབར་གས་སླ་བའི་དངོས་པོ་འཇོག་མི་རུང་། ཚན་པ་དང་མི་སྒེར་གང་རུང་གིས་ཕྱིར་སྐྱོད་བགྲོད་ལམ་དང་། བདེ་འཇགས་ཐོན་སྒོ། མེ་ཟོན་རླངས་འཁོར་བགྲོད་ལམ་བཅས་ཧམ་བཟུང་དང་འགོག་པ་སོགས་བྱེད་མི་རུང་།

    ཚོང་ཁང་སྐོར་སྐབས་བདེ་འཇགས་ཨང་དང་པོར་འཇོག་དགོས།

    ཚོང་ཁང་ནི་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་སྔོན་འགོག་ཁུལ་གཙོ་བོ་ཞིག་ཡིན། ང་ཚོ་ཚོང་ཁང་ནང་སྐྱོད་སྐབས་ངེས་པར་དུ་འཕྲལ་མར་ཁ་འགྲེམས་བགྲོད་ལམ་གནས་ཡུལ་དང་ཕྱིར་སྐྱོད་བྱ་ཡུལ་ལ་བལྟ་དགོས། ཉེན་ཁ་འཕྲད་ཚེ་འཚང་ཁ་རྒྱག་པ་སོགས་བྱེད་མི་རུང་བར་གྱོན་གོས་སོགས་ཀྱིས་ཁ་དང་སྣ་ཁུང་བཀག་ནས་ཕྱིར་སྐྱོད་དགོས་པ་དང་རྒྱུ་ནོར་ལ་ཞེན་ཆགས་མི་རུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།