[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་བློ་འདྲི།
  • ཟ་ཁང་རྒྱན་འཛུགས་ཁང་དུ་བསྒྱུར། ཡོང་འབབ་མ་བྱུང་ཆག་སྒོ་ཉོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-09

    ཉིན་ཤས་གོང་། ཀུན་བདེ་གླིང་མངགས་གཏོང་ཁང་བདེ་འཇགས་རུ་འབྲིང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་སྐོར་ཞིབ་བྱེད་རིང་རྒྱ་མཚོ་གྲོང་མི་ཨུ་ལྷན་ཉེ་འགྲམ་གྱི་ཟ་ཁང་ཞིག་ནང་མི་ཁག་གཅིག་གིས་དྲ་རྒྱའི་རྒྱན་ཤོག་ལ་བརྟེན་ནས་ཁྲིམས་འགལ་ངང་རྒྱན་པོ་འགྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་།

    མི་དམངས་ཉེན་རྟོག་པས་འཕྲལ་མར་བརྟག་དཔྱད་དཔང་ལེན་བྱས་པ་བརྒྱུད། རྒྱན་འགྱེད་བྱ་ཡུལ་དེའི་ཞིབ་ཕྲའི་གནས་ཚུལ་དང་བྱེད་སྤྱོད་སྤེལ་བའི་ཆོས་ཉིད་ཁོང་དུ་གསལ་པོ་ཆུད་པ་བྱས་ཏེ་འབྲེལ་ཡོད་ཆ་འཕྲིན་དཔྱད་ཞིབ་བྱས་རྗེས། མངགས་གཏོང་ཁང་གི་བདེ་འཇགས་མི་དམངས་ཉེན་རྟོག་པས་ཉིན་དེའི་དགོང་མོའི་ཆུ་ཚོད་23དང་སྐར་མ་20ལ་རྒྱན་འགྱེད་ལྐོག་ཏུ་རྒྱན་འགྱེད་སྒྲིག་འཛུགས་བྱེད་མཁན་ཁྲིམས་འགལ་བ་ལིའུ་ཆེ་གེ་མོ་དང་དབྱང་ཆེ་གེ་མོ་བཟུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “རྒྱན་འགྱེད་བྱ་ཡུལ”བཙུགས་ནས་ད་བར་ཁྲིམས་འགལ་ཁེ་བཟང་སྒོར་8000ལྷག་ཙམ་རག་ཡོད་པ་རེད།

    ལིའུ་ཆེ་གེ་མོས་ངོས་ལེན་ཞུས་དོན། དྲ་རྒྱའི་རྒྱན་འགྱེད་དེར་འབྲེལ་ཡོད་སྡེ་ཚན་གྱི་གཉེར་སྐྱོང་ཆོག་མཆན་ཐོབ་མེད་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཡང་ཐོབ་མེད། རྒྱན་པོ་འགྱེད་སྟངས་ནི“ཆེ་ཆུང་དང་། ཆ་ཡ། སྟག་འབྲུག”སོགས་འདེམས་དགོས་ཀྱི་ཡོད། བྱ་དགའ་ཐོབ་རྗེས་སྐྱིན་པ་གསབ་ཚད་མཐོ་དམའ་གཞིར་བཟུང་བྱ་དགའ་ཐོབ་མཁན་ལ་སྤྲོད་དགོས་པ་དང་རྒྱན་འཇོག་དངུལ་ནི་སྒོར་10ནས་སྒོར་10000བར་ཡིན། “རྒྱན་ཤོག་འཚོང་ཡུལ”འདི་ལོའི་ཟླ་4ཚེས་1ཉིན་ནས་ད་བར་བཙུགས་ཚུན་ཁྲིམས་འགལ་ཐོབ་ཆ་སྒོར་8000ལྷག་ཙམ་ཟིན་ཡོད་པ་རེད།

    ཀུན་བདེ་གླིང་མངགས་གཏོང་ཁང་བདེ་འཇགས་རུ་འབྲིང་གི་མི་དམངས་ཉེན་རྟོག་པས་དྲ་རྒྱའི་རྒྱན་འགྱེད་ལ་རྒྱན་པོ་འགྱེད་ས་དང་། རྒྱན་འགྱེད་དངུལ། རྒྱན་པོ་འགྱེད་མཁན་བཅས་མཐོང་རྒྱུ་མེད་ཀྱང་དེ་སྲོལ་རྒྱུན་གྱི་རྒྱན་འགྱེད་ཉེས་གསོག་དང་ངོ་བོའི་ཐོག་ནས་འདྲ་པོ་ཡོད་ཅིང་། ཚང་མའི་རྒྱན་པོ་འགྱེད་རྒྱུར་དགའ་བའི་མི་གཤིས་ལ་བསྟུན་ནས་རྒྱུ་ནོར་མགོ་སྐོར་གཡོ་ལེན་བྱེད་ཀྱི་ཡོད། རྒྱན་པོ་འགྱེད་སྟངས་དེའི་སྦས་སྐུང་རང་བཞིན་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བརྗོད་ན་དེ་ནི་གསར་དུ་དར་བའི་དྲ་རྒྱའི་ཞབས་ཞུའི་བྱེད་ཐབས་ལ་བརྟེན་ནས་དྲ་རྒྱའི་འཕེལ་རྒྱས་ལ་ལྟ་སྐུལ་དོ་དམ་བྱེད་མི་ཐུབ་པའི་སྟོང་ཆ་སྤྱད་པ་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    མིག་སྔར་ལིའུ་ཆེ་གེ་མོ་དང་དབྱང་ཆེ་གེ་མོས་དྲ་རྒྱའི་རྒྱན་ཤོག་ལ་བརྟེན་ནས་མི་སྣ་སྒྲིག་འཛུགས་ཀྱིས་ཁྲིམས་འགལ་ངང་རྒྱན་པོ་འགྱེད་པའི་ཁྲིམས་འགལ་དོན་དངོས་ངོས་ལེན་གཙང་ཞུ་བྱས་པ་རེད། གྱོད་གཞི་འདི་ཞིབ་བཤེར་ཐག་གཅོད་བྱས་ཟིན་པ་སྟེ། ཀུན་བདེ་གླིང་མངགས་གཏོང་ཁང་བདེ་འཇགས་རུ་འབྲིང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་བདུན་ཅུའི་གཏན་འབེབས་གཞིར་བཟུང་ཁྲིམས་ལྟར་ལིའུ་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་15དང་དངུལ་ཆད་སྒོར་500གཏོང་རྒྱུ་དང་། དབྱང་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་10དང་དངུལ་ཆད་སྒོར་500གཏོང་རྒྱུའི་ཆད་པ་བཅད་པ་རེད།

    གཞན་ཡང་གྱོད་གཞི་གཞན་ཞིག་ཐོན་པ་ནི། མཱ་ཆེ་གེ་མོ་ནི་ན་ཆུང་མཛེས་མ་ཞིག་ཡིན་པ་དང་ཇ་ཁང་ཞིག་ནང་ལས་ཀ་བྱེད་ཀྱི་ཡོད། ཁོ་མོས་ཇ་ཁང་ནང་མ་ཅང་རྒྱག་མཁན་མང་པོ་ཡོད་པ་ཤེས་ནས་རང་ཉིད་ཀྱིས་ལྐོག་ཏུ་རྒྱན་འགྱེད་སྒྲིག་འཛུགས་བྱ་རྒྱུའི་བསམ་བློ་འཆར། 2017ལོ་ཚུན་དུ། མཱ་ཆེ་གེ་མོ་དང་ལི་ཆེ་གེ་མོས་གྲོགས་པོ་ཁ་ཤས་དང་མཉམ་དུ་གཏོང་སྤྲོད་འབོའི་ཐོག་ཁ་བརྡ་གློད་སའི་ཚོགས་པ་ཁ་ཤས་བཙུགས་ནས་དྲ་གྲོགས་ཚོགས་པའི་ནང་འཇུག་གང་ཐུབ་བྱས། ཚོགས་མི་བཅུ་གྲངས་ཟིན་རྗེས་མི་ཁག་གཅིག་གིས་སྣེ་ཁྲིད་ནས“ཤོག་ཆག་ཧབ་ཐོབ”རྒྱག་འགོ་བརྩམས།

    “ཤོག་ཆག་ཧབ་ཐོབ”རྒྱག་པའི་རོལ་རྩེད་ནང་གཏན་འཇགས་ཀྱི་སྒྲིག་འཛུགས་བྱེད་སྟངས་བརྒྱུད། མི་ཁག་གཅིག་གིས་སྐབས་བསྟུན་ཁེ་བཟང་ལེན་པ་དང་ལ་ལས་དྲ་གྲོགས་སྐོང་གང་ཐུབ་བྱས་ནས་དྲ་རྒྱའི་རྒྱན་འགྱེད་ཁང་འདྲ་པོ་ཞིག་འཛུགས་ཀྱི་ཡོད། 2017ལོའི་ཟླ་དང་པོ་ནས་གསུམ་པའི་ཟླ་སྟོད་བར་གྱི་ཟླ་བ་གཉིས་ནང་མཱ་ཆེ་གེ་མོ་སོགས་ཀྱིས་བཙུགས་པའི“ཤོག་ཆག་ཧབ་ཐོབ”རྒྱག་པའི་རྒྱན་འགྱེད་ཚོགས་པའི་ནང་ཁྱོན་སྒོར་ཁྲི་བཅུ་ལྷག་ཙམ་ཟིན་པ་དང་རྒྱན་པོ་རྒྱག་མཁན་མི་བརྒྱ་ལྷག་ཙམ་ཟིན་ཡོད། སྐབས་བསྟུན་ཁེ་བཟང་བླངས་པ་བརྒྱུད། མཱ་ཆེ་གེ་མོ་དང་ལི་ཆེ་གེ་མོ་སོགས་ལ་ཁེ་བཟང་སྒོར་ཁྲི་5ལྷག་ཙམ་རག་ཡོད་པ་རེད། དེར་བརྟེན“ཤོག་ཆག་ཧབ་ཐོབ་རྒྱག་པའི་ཚོགས་པ”ཡང་དོན་ངོ་མའི་རྒྱན་འགྱེད་ཚོགས་པར་གྱུར་ཡོད། མིག་སྔར་མ་ཆེ་གེ་མོ་དང་ལི་ཆེ་གེ་མོ་སོགས་ཉེན་རྟོག་ཕྱོགས་ཀྱིས་བཟུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། མིག་དམར།