[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་བློ་འདྲི།
  • ཅི་ཞིག་ལ་འགན་འཛོལ་ཤོར་བའི་ནག་ཉེས་ཟེར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-10-12

    འགན་འཛོལ་ཤོར་བའི་ནག་ཉེས་ཞེས་པ་ནི། རྒྱལ་ཁབ་ཀྱི་ལས་བྱེད་མི་སྣས་འགན་དབང་སྟབས་བདེར་བེད་སྤྱོད་པའམ་ལས་འགན་སྣང་མེད་ལྷོད་གཡེང་དུ་བཏང་བའི་དབང་གིས། རྒྱལ་ཁབ་ཀྱི་ལས་ཁུངས་རྒྱུན་གཏན་བྱ་འགུལ་ལ་གནོད་འཚེ་དང་། རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོས་པའི་བྱ་སྤྱོད་ལ་ཟེར།

    ཉེས་ཁྲིམས་ཀྱི་ཞིབ་གསལ་རྩ་དོན་ལེའུ་བརྒྱད་པའི་གཏན་འཁེལ་ལྟར་ན། འགན་འཛོལ་ཤོར་བའི་ནག་ཉེས་ལ་ཉེས་མིང་འདི་དག་ཡོད་དེ། ལྐོག་རྔན་བླངས་པའི་ནག་ཉེས། ལྐོག་རྔན་སྤྲད་པའི་ནག་ཉེས། ལྐོག་རྔན་སྤྲོད་ཐབས་ངོ་སྤྲོད་བྱས་པའི་ནག་ཉེས། རྒྱལ་ཁབ་ཀྱི་གསང་བྱ་ཕྱིར་བསྒྲགས་པའི་ནག་ཉེས། ལས་འགན་སྣང་མེད་ལྷོད་གཡེང་དུ་བཏང་བའི་ནག་ཉེས། ལྟ་ཞིབ་བྱེད་ཡུལ་གྱི་མི་ལ་ལུས་ཆད་བཅད་པ་དང་བརྙས་བཅོས་བྱས་པའི་ནག་ཉེས། ལྐོག་ཏུ་ཉེས་ཅན་བྲོས་བྱོལ་དུ་བཏང་བའི་ནག་ཉེས། ཡིག་སྐྱེལ་གློག་འཕྲིན་གཏོར་བཤིག་བཏང་བའི་ནག་ཉེས་སོགས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།