[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་བློ་འདྲི།
  • འགྲིམ་འགྲུལ་ཤེས་བྱ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-04-10

    1 དྲ་གྲོགས།→དངོས་སྦྱོང་དུས་སུ་ཁ་ལོ་བས་ལྷ་ཉིང་གཞུང་ལམ་ཐོག་རླངས་འཁོར་གཏོང་ཆོག་གམ།

    ཉེན་རྟོག་པ།→ལྷ་ཉིང་རིམ་མཐོའི་གཞུང་ལམ་ནི་མྱུར་བགྲོད་གཞུང་ལམ་ལ་དཔེ་བལྟས་ནས་དོ་དམ་བྱེད་ཀྱི་ཡོད་པས་དངོས་སྦྱོང་རིང་། ཁ་ལོ་བས་ལམ་དེའི་ཐོག་རླངས་འཁོར་ཁེར་རྐྱང་དུ་གཏོང་མི་ཆོག ངེས་པར་དུ་ཁ་ལོ་བའི་ལག་ཁྱེར་རག་ནས་ལོ་3མམ་ཡང་ན་དེ་ཡན་ཕྱིན་པའི་ཁ་ལོ་བའི་འགྲོ་རོགས་འོག་ལམ་དེར་རླངས་འཁོར་གཏོང་ཆོག

    2 དྲ་གྲོགས།→མི་7སྡོད་ཐུབ་པའི་རླངས་འཁོར་ལོ་དྲུག་ཞིབ་བཤེར་བྱེད་མི་དགོས་པའི་རླངས་འཁོར་ཁོངས་སུ་གཏོགས་ཀྱི་ཡོད་དམ།

    ཉེན་རྟོག་པ།→གཏོགས་ཀྱི་མེད། ལོ་དྲུག་ཞིབ་བཤེར་བྱེད་མི་དགོས་པའི་རླངས་འཁོར་ཁོངས་སུ་མི་5ལས་སྡོད་མི་ཐུབ་པ་དང་དེ་མན་གྱི་རླངས་འཁོར་མ་གཏོགས་ཚུད་ཀྱི་མེད།

    3 དྲ་གྲོགས།→སྐད་འཕྲིན་བརྒྱུད་དངུལ་ཆད་སྐྱེལ་ཆོག་གམ།

    ཉེན་རྟོག་པ།→འགྲིག་གི་རེད། ང་ཚོའི་སྐད་འཕྲིན་སྤྱི་རྟགས་གཤམ་ངོས་ཀྱི《འགྲིམ་འགྲུལ་དངུལ་ཆད་འཇལ་སྤྲོད》བསྣན་ཚེ་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་འགྲིམ་འགྲུལ་དངུལ་ཆད་འཇལ་བའི་དྲ་ཚིགས་ཁ་ཕྱེ་ཐུབ།

    4 དྲ་གྲོགས།→རླངས་འཁོར་ཞིབ་བཤེར་དུས་ཚོད་2018ལོའི་ཟླ་1ཚེས་8ཉིན་ཡིན་པ་དང་དུས་ཚོད་ཡོལ་ནས་ཉིན་20ཕྱིན་ན་ལོ་བཤེར་བྱེད་པར་འགྲོ་ཆོག་གམ།

    ཉེན་རྟོག་པ།→འཕྲུལ་སྒུལ་འཁོར་རིགས་ཀྱི་ལོ་བཤེར་ནི་ཟླ་བར་གཞིཌ་ནས་རྩིས་རྒྱག་གི་ཡོད། ཟླ་དང་པོར་ཞིབ་བཤེར་བྱེད་དགོས་རིགས་ཟླ་བ་དེའི་ནང་ཞིབ་བཤེར་བྱས་ན་ཆོག་གི་ཡོད། (འཕྲུལ་སྒུལ་འཁོར་རིགས་ཟླ་བ་3སྔ་སྣུར་དུ་ཞིབ་བཤེར་བྱེད་ཆོག)

    5 དྲ་གྲོགས།→ཁ་ལོ་བའི་ལག་ཁྱེར་དུས་ཚོད་ཐིམས་ནས་བརྗེ་དགོས་ཚེ་ལག་ཁྱེར་གསར་པ་ཇི་ལྟར་ལེན་དགོས་སམ།

    ཉེན་རྟོག་པ།→ལག་ཁྱེར་བརྗེ་སྐབས་ཉིན་90སྔ་སྣུར་བྱེད་ཆོག དཔེར་ན་ཟླ་9ཚེས་28ཉིན་དུས་ཚོད་ཐིམས་པར་ཆ་བཞག་ན། ཟླ་6ཚེས་28ཉིན་གྱི་རྗེས་སུ་འཁོར་རིགས་དོ་དམ་སུའོ་རུ་བསྐྱོད་ནས་ལག་ཁྱེར་བརྗེ་ཆོག

    6 དྲ་གྲོགས།→ལག་བརྒྱུད་རླངས་འཁོར་གྱི་དོ་བདག་བརྗེ་བའི་ཐད་ཚད་བཀག་གང་དག་ཡོད་དམ།

    ཉེན་རྟོག་པ།→ད་ཆ་རང་གྲོང་ཁྱེར་ནང་ཁུལ་དུ་འཕྲུལ་སྒུལ་འཁོར་རིགས་ཀྱི་དོ་བདག་བརྗེ་བའི་ཐད་རྒྱལ་ཁབ་ཀྱི་དུས་མཚམས་བཞི་པའི་འབུད་གཏོང་ཚད་གཞི་དང་མཐུན་པ་དགོས། རྙོག་དྲ་མི་ལྷག་པའི་ཆེད་དུ་ལག་བརྒྱུད་རླངས་འཁོར་ཉོ་སྐབས་སྔོན་ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་འབུད་གཏོང་ཚད་གཞི་འདྲི་རྩད་ཡག་པོ་བྱེད་དགོས།

    7 དྲ་གྲོགས།→ཁྲིམས་འགལ་ངང་རླངས་འཁོར་བཞག་པའི་དངུལ་ཆད་འཛིན་ཤོག་ལམ་སེང་ཐག་གཅོད་མ་བྱས་ན་འགྱངས་ཆད་དངུལ་སྤྲོད་དགོས་སམ།

    ཉེན་རྟོག་པ།→གློག་མིག་གིས་པར་བརྒྱབ་པ་དང་ཁྲིམས་འགལ་ངང་འཁོར་རིགས་བཞག་པར་ཆད་པ་བཅད་པ་རྣམས། ས་གནས་ས་ཐོག་གི་ཁྲིམས་འཛིན་མིན་པས། ཐག་གཅོད་མ་བྱས་གོང་འགྱངས་ཆད་དངུལ་སྤྲོད་དགོས་ཀྱི་མེད་ལ། འཁོར་རིགས་ཞིབ་དཔྱད་བྱེད་སྐབས་འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་ལྟེ་གནས་སུ་ཐག་གཅོད་བྱས་ནའང་འགྲིག

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།