[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་བློ་འདྲི།
  • ཁྲིམས་མཐུན་གྱི་བཟོ་བཅོས་དང་ཁྲིམས་འགལ་གྱི་བཟོ་བཅོས་དབར་དབྱེ་བ་ཇི་ལྟར་ཕྱེ་དགོས་སམ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-23

    གང་འདྲ་ཞིག་ལ་ཁྲིམས་མཐུན་གྱི་བཟོ་བཅོས་བརྒྱབ་པ་ཟེར་རམ།

    2014ལོའི་ཟླ་10ཚེས་1ཉིན་གསར་དུ་བཟོ་བཅོས་བརྒྱབ་པའི《འཕྲུལ་འགུལ་རླངས་འཁོར་གྱི་ཐོ་འགོད་གཏན་འབེབས》དངོས་སུ་ལག་བསྟར་བྱས་པ་དེ་ལས་རྒྱལ་ནང་གི་ཐོག་མའི་བཟོ་གྲྭས་བཟོ་བཅོས་བརྒྱབ་པའི་རླངས་འཁོར་ལ“ཁྲིམས་མཐུན་ཐོབ་ཐང”ལྡན་ཡོད། ཐོག་མའི་བཟོ་གྲྭས་བཟོ་བཅོས་བརྒྱབ་པའི་རླངས་འཁོར་ཞེས་པ་ནི་རླངས་འཁོར་བཟོ་གྲྭ་ནས་མ་བཏོན་གོང་དང་བཏོན་རྗེས་རླངས་འཁོར་བཟོ་གྲྭ་དེ་རང་གི་དམིགས་བསལ་ཁྱད་ཆོས་ཀྱི་དགོས་མཁོ་གཞིར་བཟུང་བཟོས་པའི་བཟོ་ལྷ་དང་སྡེབ་སྒྲིག་གཅིག་པ་མིན་མོད། འོན་ཀྱང་ཐོན་སྐྱེད་བཟོ་གྲྭའི་ཞིབ་བཤེར་ཚད་གཞི་ལོན་ནས་བཟོ་བཅོས་བརྒྱབ་པ་ཞིག་ལ་ཟེར། དེར་བརྟེན་ཐོག་མའི་བཟོ་གྲྭས་བཟོ་བཅོས་བརྒྱབ་པའི་རླངས་འཁོར་ཉོས་པའི་འཛད་སྤྱོད་པས་ཨང་གྲངས་བཟོ་སྐབས་བཟོ་བཅོས་བརྒྱབ་པའི་དཔང་ཡིག་སྟོན་མི་དགོས་པ་དང་ཨང་གྲངས་བཟོས་རྗེས་ཐད་ལར་ལམ་ཐོག་བསྐྱོད་ཆོག་གི་ཡོད།

    འཛད་སྤྱོད་པས་རླངས་འཁོར་ཉོ་སྒྲུབ་བྱས་རྗེས་རླངས་འཁོར་གཏོང་སྐབས་ཤུགས་རྐྱེན་མི་ཐེབས་པའི་ཆ་རྐྱེན་འོག་རླངས་འཁོར་ནང་བཟོ་བཅོས་འོས་འཚམ་བརྒྱབ་ཆོག་མོད། འོན་ཀྱང་རྐུབ་བཀྱག་བཀོག་མི་ཆོག་ལ་རླངས་འཁོར་ནང་གི་གྲུབ་ཆ་ལ་ཡང་འགྱུར་ལྡོག་གཏོང་ཆོག་གི་མེད།

    གང་འདྲ་ཞིག་ལ་ཁྲིམས་འགལ་གྱི་བཟོ་བཅོས་བརྒྱབ་པ་ཟེར་རམ།

    ཁྲིམས་འགལ་གྱི་བཟོ་བཅོས་བརྒྱབ་པའི་འཕྲུལ་འགུལ་རླངས་འཁོར་ཞེས་པ་ནི་འཕྲུལ་འགུལ་རླངས་འཁོར་བཟོ་གྲྭ་ནས་བཏོན་རྗེས་ཀྱི་གྲུབ་ཆ་དང་། གྲུབ་ཚུལ། ཁྱད་ཆོས་བཅས་ལ་རང་མཚམས་ཀྱིས་བཟོ་བཅོས་བརྒྱབ་པ་དེའི་ནང་འཕྲུལ་འགུལ་རླངས་འཁོར་གྱི་འགུལ་ཤུགས་དང་། གློག་སྒྲོན། བཀོལ་སྤྱོད། མཇུག་རླངས་ཕྱིར་འབུད། གྲང་བཟོ། བཀག་གཏོང་། སྒྲ་མེད་པ་བཟོ་བ། དཔྱང་འགེལ། ཁ་ཕྱོགས་ཀྱི་མ་ལག ཕྱི་ཚུལ་གྲུབ་ཆ། འཁོར་ལོ་སོགས་ཚུད་ཡོད།

    《འཕྲུལ་འགུལ་རླངས་འཁོར་གྱི་ཐོ་འགོད་གཏན་འབེབས》ཀྱི་དོན་ཚན་བཅུ་པ་གཞིར་བཟུང་། ཐོ་འགོད་བྱས་ཟིན་པའི་འཕྲུལ་འགུལ་རླངས་འཁོར་ལ་གཤམ་གསལ་གྱི་གནས་ཚུལ་དེ་རིགས་ཀྱི་གྲས་གཅིག་ཡོད་ཚེ་འཕྲུལ་འགུལ་རླངས་འཁོར་གྱི་བདག་པོས་ཐོ་འགོད་བྱེད་སའི་རླངས་འཁོར་དོ་དམ་སུའོ་རུ་བཟོ་བཅོས་རྒྱག་རྒྱུའི་ཐོ་འགོད་རེ་ཞུ་བྱེད་དགོས་པ་སྟེ་རླངས་འཁོར་གྱི་ཚོན་མདོག་འགྱུར་བ་དང་། སྒུལ་བྱེད་འཕྲུལ་འཁོར་བཟོ་བཅོས་རྒྱག་པ། རླངས་འཁོར་གྱི་ཕྱི་དབྱིབས་སམ་ཡང་ན་འཁོར་སྒྲོམ་བརྗེ་བ། སྤུས་ཚད་ཀྱིས་རྐྱེན་པས་རླངས་འཁོར་ཧྲིལ་པོ་བརྗེ་བ་བཅས་སོ། རླངས་འཁོར་གྱི་བདག་པོར་གནས་ཚུལ་དེ་དག་གིས་རྐྱེན་པས་རླངས་འཁོར་གྱི་ཕྱི་དབྱིབས་དང་ནུས་པར་བཟོ་བཅོས་རྒྱག་དགོས་ཚེ་བཟོ་བཅོས་བརྒྱབ་རྗེས་འཁོར་རིགས་དོ་དམ་སུའོ་རུ་སླར་ཡང་བསྐྱོད་ནས་ཐོ་འགོད་བཟོ་བཅོས་རྒྱག་དགོས་ཀྱི་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།