[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ཀྱི་རྫོང་རིམ་པའི་ཁྲལ་དོན་ཞིབ་བཤེར་ཅུས་ཐོག་མ་བཙུགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    zhuy8124_s.jpg

    སྒོ་བྱང་གི་ཡོལ་བ་འབྱེད་བཞིན་པ། 

    ཟླ་1ཚེས་2ཉིན། སྟོད་ལུང་བདེ་ཆེན་ཆུས་རྒྱལ་ཁྲལ་ཅུས་ཞིབ་བཤེར་ཅུས་ཀྱིས་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་ནས་རང་ལྗོངས་ཀྱི་རྫོང་རིམ་པའི་ཁྲལ་དོན་ཅུས་ཀྱིས་སྒོ་བྱང་དངོས་སུ་བཀལ་བས་རྫོང་རིམ་པའི་ཁྲལ་དོནཞིབ་བཤེར་ཅུས་ཐོག་མར་གྱུར་པ་རེད།

    ད་ཕན་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་སོང་བ་དང་སྦྲགས། ལྗོངས་ནང་ཁུལ་གྱི་ཐོན་ལས་སྣ་ཚོགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་སོང་ནས་སྟོད་ལུང་བདེ་ཆེན་ཆུས་སུ་ཁེ་ལས་ཀྱི་གྲངས་འབོར་མང་དུ་སོང་བ་དང་ཆབས་ཅིག ཁྲལ་བསྡུའི་ཉེན་ཁའི་སྔོན་འགོག་ཚོད་འཛིན་གྱི་གནོན་ཤུགས་ཀྱང་ཉིན་བཞིན་ཆེ་རུ་སོང་ཡོད། གནད་དོན་དེར་དམིགས་ནས་སྟོད་ལུང་བདེ་ཆེན་ཅུས་རྒྱལ་ཁྲལ་ཅུས་ཀྱི་ཞིབ་བཤེར་ཅུས་བཙུགས་པ་དེས་མིག་སྔའི་རྙོག་འཛིང་ཆེ་བའི་ཁྲལ་འབབ་ལས་དོན་གྱི་དུས་བབ་ལ་ཁ་གཏད་གཅོག་ཐུབ་པ་དང་ཁྲལ་དོན་ཞིབ་བཤེར་གྱི་འགན་ནུས་འདོན་སྤེལ་གང་ལེགས་ཐུབ་པ་མ་ཟད། ཁྲལ་འབབ་ལས་དོན་སྤེལ་རིང་། བྱེད་ཐབས་ནུས་ལྡན་དང་། ལྟ་སྐུལ་ཚོད་འཛིན་གནས་ལ་འཁེལ་བ། རྡུང་རྡེག་ཚ་ནན་བཏང་ནས་རྒྱལ་ཁབ་ཀྱི་ཁྲལ་འབབ་བསྡུ་དགོས་རིགས་ཚང་མ་བསྡུ་ཐུབ་པའི་འགན་ལེན་བྱས་ནས་ཁྲལ་འབབ་ཀྱི་གོ་རིམ་བཅོས་སྒྲིག་དང་ཚད་ལྡན་དུ་གཏོང་ཐུབ་རྒྱུ་ཡིན་པ་རེད།

    ཞིབ་བཤེར་ཅུས་ཀྱི་ཅུས་ཀྲང་ཟླ་བ་སྒྲོལ་དཀར་གྱིས་མཛད་སྒོའི་ཐོག“སླད་ཕྱིན་ང་ཚོས་ཞིབ་བཤེར་ལས་ཀའི་ལས་འགན་ཁག་ལེགས་སྒྲུབ་ཧུར་ཐག་བྱས་ཏེ་ཞིབ་བཤེར་ལས་དོན་སྤེལ་རིང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་ཁྲིམས་བཅས་ལ་གཞིགས་ཏེ། ཁྲིམས་གཏན་འཁེལ་བའི་གོ་རིམ་ལ་བརྩི་སྲུང་ནན་པོ་ཞུ་རྒྱུ་མ་ཟད། དོན་ངོ་མར་སྣང་ཆེན་དང་། དཔང་རྟགས་འདོན་པ། དངོས་ཐོག་བདེན་འཚོལ་བཅས་ཀྱི་སྒོ་ནས་ཁྲལ་འབྲེལ་གྱི་ཁྲིམས་འགལ་གནད་དོན་བཏོན་ཏེ་ཁྲལ་དོན་ཞིབ་བཤེར་ལས་དོན་ལ་གཡས་གཞོགས་གཡོན་འདེགས་བྱ་རྒྱུ་མ་ཟད། རྒྱལ་ཁབ་ཀྱི་ཁྲལ་འབབ་ཤོར་རྒྱུ་ཟློག་ཐབས་བྱེད་པ་དང་། ཁྲལ་འབབ་ཀྱི་ཁྲིམས་འཛིན་ཁོར་ཡུག་ཚད་ལྡན་དུ་གཏོང་བ། ཁྲལ་འབྲེལ་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན”ཞེས་བརྗོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།