[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉི་མ་རྫོང་ཁྲིམས་ཁང་གིས“གྱོད་དོན་ཐོ་འགོད་སྐར་ཁུང”འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

     2017ལོ་ནས་བཟུང་ཉི་མ་རྫོང་མི་དམངས་ཁྲིམས་ཁང་གིས“གྱོད་དོན་ཐོ་འགོད་སྐར་ཁུང”འཛུཌ་སྐྱོང་ལ་ཤུཌ་སྣོན་བརྒྱབ་སྟེ་སྣེ་ལེན་དང་བློ་འདྲི་ནས་གྱོད་དོན་ཐོ་འགོད་བར་གྱི“གཅིག་འཐུས་རྣམ་པའི”ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་བ་རེད།

    སྣེ་ལེན་དང་པོ་བྱེད་མཁན་གྱི་འགན་འཁུར་ལམ་ལུགས་དང་གྱོད་དོན་ཐོ་འགོད་གསལ་འགྲེལ་ལམ་ལུགས་མཐའ་འཁྱོངས་ཀྱིས་དམངས་ཕན་ལག་དེབ་སྤྲོད་པ་དང་། གཏུག་བཤེར་ཉེན་ཁ་དྲན་སྐུལ། གཏུག་བཤེར་གྱི་ཕྱོགས་སྟོན་ལ་བརྟེན་ནས་དོ་བདག་ལ་ལུགས་མཐུན་གྱི་གཏུག་བཤེར་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་པ་དང་ཆབས་ཅིག ཁྲིམས་ལྟར་གྱོད་དོན་ཐོ་འགོད་དང་ཁྲིམས་གཏན་འཁེལ་བའི་དུས་བཀག་ནང་དཔྱད་གཞི་ཚང་བའི་གྱོད་གཞི་འདྲི་གཅོད་ཁྲིམས་ར་ཁག་ཏུ་འདྲི་གཅོད་བྱེད་པར་བསྐྱལ་བས། འདྲི་གཅོད་དང་གྱོད་དོན་ཐོ་འགོད་ཀྱི་དུས་བཀག་ལས་འགལ་བའི་གྱོད་གཞི་ཐོན་མེད་ལ། གྱོད་དོན་ཐོ་འགོད་ཀྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ན་ནིང་གྱོད་གཞི་ཁག་38བདག་སྤྲོད་བྱས་པ་དང་། མང་ཚོགས་མི་ཐེངས་120ལྷག་ཙམ་གྱི་བཅའ་ཁྲིམས་བློ་འདྲིར་གསལ་འགྲེལ་བྱས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།