[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཧྲེན་ཀྲེན་དང་ཉིང་ཁྲི་ས་ཆ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པའི་སྦྱོང་བརྡར་རྟེན་གཞིའི་གན་རྒྱ་བཞག་ནས་སྒོ་བྱང་བཀལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ཉེ་ཆར། ཧྲེན་ཀྲེན་དང་ཉིང་ཁྲི་ས་ཆ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པའི་སྦྱོང་བརྡར་རྟེན་གཞིའི་གན་རྒྱ་བཞག་ནས་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།

    མཛད་སྒོའི་བརྙན་ལམ་ཚོགས་འདུའི་རྣམ་པར་བརྟེན་ནས་ཧྲེན་ཀྲེན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པའི་སྦྱོང་བརྡར་རྟེན་གཞིའི་ཚོགས་ར་གཙོ་བོ་དང་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཡན་ལག་ཚོགས་རར་དུས་གཅིག་ཏུ་འཚོགས་པ་རེད། ད་ཐེངས་ས་ཆ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་པའི་སྦྱོང་བརྡར་རྟེན་གཞིར་ཕན་ཚུན་སྒོ་བྱང་བཀལ་བ་དེ་ནི་ཀོང་ཏུང་དང་བོད་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་བྱང་ཚད་ལ་བརྟེན་ནས་ཉེན་རྟོག་སྟོབས་ཆེར་གཏོང་བའི་སྤེལ་རེས་མཉམ་ལས་གཏིང་ཟབ་བྱེད་པའི་ལས་སྟེགས་ཆེན་པོའི་འོག་སྣུར་སྲིང་བྱས་ནས་བྱུང་བའི་གྲུབ་འབྲས་ཞིག་ཀྱང་རེད། དུས་འགོར་ས་ཆ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཕན་ཚུན་འཚམས་འདྲི་དང་འབྲེལ་མཐུད་གྲོས་མོལ་བྱས་ནས་སྦྱོང་བརྡར་རྟེན་གཞིའི་སྤེལ་རེས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གྲུབ་སྟེ་ཉིང་ཁྲི་གྲོང་ཁྱེར་གྱི་མི་དམངས་ཉེན་རྟོག་པའི་སྦྱོང་བརྡར་རྟེན་གཞིར“ཧྲེན་ཀྲེན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པའི་དབྱར་དུས་སྦྱོང་བརྡར་རྟེན་གཞིའི་སྒོ་བྱང”དང་། ཧྲེན་ཀྲེན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཉེན་རྟོག་པའི་སྦྱོང་བརྡར་རྟེན་གཞིར“ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པའི་དགུན་དུས་སྦྱོང་བརྡར་རྟེན་གཞིའི་སྒོ་བྱང”འགེལ་རྒྱུའི་གྲོས་མཐུན་བྱུང་བ་རེད།

    ཧྲེན་ཀྲེན་དང་ཉིང་ཁྲིའི་ཉེན་རྟོག་པའི་སྦྱོང་བརྡར་རྟེན་གཞི་ལེགས་སྒྲུབ་ལྡན་པའི་སྒོ་ནས་གན་རྒྱ་བཞག་སྟེ་སྒོ་བྱང་བཀལ་བ་དེས་ས་ཆ་གཉིས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བྱང་ཚད་ལ་བརྟེན་ནས་ཉེན་རྟོག་སྟོབས་ཆེན་གཏོང་བའི་སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་བྱས་ཏེ། ས་ཆ་གཉིས་ཀྱི་ཉེན་དོན་སྦྱོང་བརྡར་ཐོན་ཁུངས་མཉམ་སྤྱོད་འཕེལ་རྒྱས་ཐད་དུས་རབས་ཀྱི་དོན་སྙིང་ལྡན་ཡོད་ལ་ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་བདེ་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་འཕེལ་རྒྱས་གཏོང་བའི་ཐད་གསོན་ཤུགས་ཆེན་པོ་བསྣན་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།