[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-11

    ཉེ་ཆར། 2019ལོའི་བོད་རང་སྐྱོང་ལྗོངས་ཀྱི“ཚན་རྩལ་བྱེད་སྒོའི་གཟའ་འཁོར”གྱི་འགོ་ཚུགས་མཛད་སྒོ་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་གཟབ་རྒྱས་ངང་འཚོགས་པ་རེད།

    ཚན་རྩལ་བྱེད་སྒོའི་གཟའ་འཁོར་ནི་རྒྱལ་ཡོངས་རང་བཞིན་དང་དམངས་ཡོངས་རང་བཞིན་གྱི་ཚན་རྩལ་བྱེད་སྒོ་སྤུས་རྟགས་ཤིག་ཡིན་པ་དང་ལྷག་པར་དུ་རང་ལྗོངས་ཀྱི་རྒྱ་ཆེའི་མང་ཚོགས་ཚོས་ཚན་རིག་གོང་དུ་བཀུར་བ་དང་། རྨོངས་དད་ལ་ངོ་རྒོལ་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་དང་། གྲོང་གསེབ་དར་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་ཚན་རྩལ་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་པ་རེད།

    འགོ་ཚུགས་མཛད་སྒོའི་ཐོག་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་དཔལ་མགོན་རྫོང་ཕུ་བུ་གྲོང་རྡལ་གྱི་གྲོང་ལྷན་གཉིས་པ་དང་སྐྱེས་སྡེང་གྲོང་ཚོའི་ཚན་རྩལ་ཁྱབ་གདལ་ཁང་ལ་སྒོ་བྱང་སྤྲད་པ་དང་འབྲེལ། ཚན་རྩལ་ཁྱབ་གདལ་གྱི་སྒྲིག་ཆས་ཀྱང་སྤྲད་པ་མ་ཟད། དཔལ་མགོན་རྫོང་སློབ་འབྲིང་ལ་ཚན་རྩལ་ཁྱབ་གདལ་གྱི་མ་དངུལ་སྒོར་ཁྲི་5སྤྲད་པ་རེད། དེ་དང་ཆབས་ཅིག དྲིལ་བསྒྲགས་ལས་སྟེགས་བུ་འཛུགས་པ་དང་། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། སྦྱར་ཡིག་སྦྱར་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ལ་ཚན་རྩལ་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

    དེ་ཉིན་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་། ནག་ཆུ་གྲོང་ཁྱེར་ཚན་རྩལ་ཅུས། དཔལ་མགོན་རྫོང་གི་འབྲེལ་ཡོད་འགན་འཁུར་བ། དཔལ་མགོན་རྫོང་གི་ལས་བྱེད་པ་དང་ལས་བཟོ། སློབ་མ། ཞིང་འབྲོག་མང་ཚོགས་དང་། གྲྭ་བཙུན་བཅས་ཀྱི་འཐུས་མི་1000ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།