[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
 • སྟོད་ལུང་བདེ་ཆེན་ཆུས་སྤང་ཕུ་གྲོང་ཚོས“ནག་སེལ་གཤེད་བཅོམ”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

 • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-03

  ཉེ་དུས། སྤང་ཕུ་གྲོང་ཚོའི“ཨུ་ལྷན་གཉིས”དང་། གཤམ་སྐྱོད་ལས་བྱེད་པ། གྲོང་སྡོད་ལས་དོན་རུ་ཁག་བཅས་ཀྱིས་མཉམ་འབྲེལ་ཐོག“ནག་སེལ་གཤེད་བཅོམ”གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

  བྱེད་སྒོ་སྤེལ་རིང་། སྤང་ཕུ་གྲོང་ཚོས“ནག་སེལ་གཤེད་བཅོམ”གྱི་སྒྲོག་འགྲེལ་ས་ཚིགས་བཙུགས་པ་དང་། དྲིལ་བསྒྲགས་ལག་དེབ་དང་ལག་རྟགས་སྤྲོད་པ། འཕྲེད་འགེལ་སྦྱར་ཡིག་འགེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། རྒྱ་ཆེའི་མང་ཚོགས་ཚོར“ནག་སེལ་གཤེད་བཅོམ”གྱི་འབྲེལ་ཡོད་ནང་དོན་དང་། དེ་བཞིན“ནག་སེལ་གཤེད་བཅོམ”གྱི་ཆེད་དོན་འཐབ་རྩོད་སྤེལ་བའི་དོན་སྙིང་གལ་ཆེན་དྲིལ་བསྒྲགས་བྱས་པ་རེད།

  ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་དྲིལ་བསྒྲགས་བྱེད་སྒོའི་ནང་ཞུགས་མཁན་མི་གྲངས་400ལྷག་ཙམ་ཡོད་པ་དང་། དྲིལ་བསྒྲགས་ལག་དེབ་200ལྷག་ཙམ་སྤྲད་པ་རེད།

  --    --

  འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།