[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒན་རྒོན་གྱི་མེ་ཟོན་བདེ་འཇགས་ལ་དོ་ཁུར་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-05

    དཔྱིད་ཀ་ཤར་བ་དང་བསྟུན་ནས་གནམ་གཤིས་ཀྱང་ཉིན་རེ་བཞིན་དྲོ་རུ་འགྲོ་ཡི་ཡོད། སྤྱི་ཚོགས་ཀྱི་ཉམས་ཞན་ཚོགས་སྤྱི་ཞིག་དང་ལྷག་པར་དུ་གཞིས་སྲུང་ཁེར་སྡོད་རྒན་རྒོན་ཞིག་ཡིན་པའི་ངོས་ནས་བརྗོད་ན། གལ་སྲིད་མེ་སྐྱོན་སོགས་གློ་བུར་གྱི་དོན་རྐྱེན་ཐོན་ན་ཚོགས་སྤྱི་དེ་དག་ཁྲོད་མི་སྣ་ཤི་རྨས་ཀྱི་གནད་དོན་ཧ་ཅང་ཐོན་སླ་པོ་ཡོད། བུ་ཕྲུག་ཚོས་དངོས་པོ་དང་བསམ་བློའི་ཐོག་ནས་རྒན་རྒོན་ཚོར་ཐུགས་ཁུར་བྱེད་དགོས་ལ་རྒན་རྒོན་ཚོའི་བདེ་འཇཌ་ལའང་དེ་བས་དོ་ཁུར་བྱེད་དགོས།

    རྒན་རྒོན་གྱི་མེ་ཟོན་ཐད་དོ་སྣང་བྱེད་དགོས་པའི་གནད་དོན།

    1.མངོན་གསལ་དོད་སར་མེ་ཟོན་གྱི་དྲན་སྐུལ་ཡི་གེ་སྦྱར་ཏེ་རྒན་རྒོན་ཚོར་གློག་ཆས་སྤྱད་རྗེས་དུས་ཐོག་ཏུ་གློག་གསོད་དགོས་པའི་དྲན་སྐུལ་བྱེད་དགོས་པ་དང་།

    2.རྒན་རྒོན་ཚོར་ཁྱིམ་སྤྱོད་གློག་ཆས་ཀྱི་སྐུད་ལམ་ཚད་ལྡན་དུ་གཏོང་རོགས་བྱས་ཏེ་རྒན་རྒོན་སྡོད་སའི་ཁང་པའི་གློག་ཆས་དང་གློག་སྐུད་ལ་རྟག་ཏུ་ཞིབ་བཤེར་གྱིས་གློག་སྐུད་དང་གློག་ཆས་རྙིང་པ་ཆགས་ནས་མེ་སྐྱོན་མི་ཐོན་སྔོན་འགོག་བྱེད་པ་དང་ཆབས་ཅིག རྒན་རྒོན་ཚོའི་ཁྱིམ་དང་བར་ཁྱམས་སོགས་སུ་སྤུངས་པའི་མེ་སྐྱོན་ཐོན་སླ་བའི་དངོས་ཟོག་དུས་ཐོག་ཏུ་གཙང་སེལ་བྱེད་དགོས་པ།

    3.རྒན་རྒོན་ཚོར་ཚད་ལྡན་བཟོ་གྲྭས་ཐོན་སྐྱེད་བྱས་པའི་དྲོད་ལེན་ཡོ་ཆས་ཉོ་རོགས་བྱས་ཏེ་རྟག་ཏུ་རྒན་རྒོན་ཚོར་རྒྱུན་གཏན་གྱི་ཁྱིམ་སྤྱོད་གློག་ཆས་བདེ་འཇགས་ཤེས་བྱར་གསལ་འགྲེལ་བྱས་ནས་རྒན་རྒོན་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འགུལ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ཚོར་ཆེད་མངགས་ལྟ་རྟོག་བྱེད་མཁན་བཀོད་སྒྲིག་བྱེད་དགོས་པ།

    4.རྒན་རྒོན་གྱི་བདེ་འཇགས་འདུ་ཤེས་ཐད་སློབ་གསོ་ཡག་པོ་བརྒྱབ་སྟེ་ཐ་མག་འཐེན་པའི་གོམས་གཤིས་འཇགས་པའི་རྒན་རྒོན་ཚོར་ཐ་མག་གི་རྡུལ་དང་ཐ་མག་གི་ཕྲུག་ལྷག་གང་བྱུང་དུ་མི་དབྱུག་པ་དང་། མེ་སྤར་བའི་ཐ་མག་གང་བྱུང་དུ་མི་འཇོག་པ། ཆང་རག་བཏུངས་རྗེས་ཐ་མག་མི་འཐེན་པ། འབོལ་གདན་རྒྱབ་བསྙེས་མ་དང་ཉལ་ཁྲིའི་ཐོག་ཐ་མག་མི་འཐེན་པ་བཅས་བྱས་ཏེ་ཐ་མག་གི་ཕྲུག་ལྷག་དང་ཐ་མག་གི་རྡུལ་གྱིས་ཉལ་ཆས་དང་། གྱོན་ཆས། འབོལ་གདན་རྒྱབ་བསྙེས་སོཌ་ལ་མེ་མཆེད་དེ་མེ་སྐྱོན་མ་ཐོན་སྔོན་འགོག་བྱེད་དགོས།

    5.རྒན་རྒོན་ཚོའི་ཁྱིམ་ནང་སྦི་ཅི་ལི་དང་། མེ་གསོད་ཀམ་པ་ལི། མེ་གསོད་ཡོ་ཆས་སོགས་མེ་ཟོན་གྱི་ཡོ་ཆས་ཆུང་གྲས་སྒྲིག་སྦྱོར་བྱེད་པ་མ་ཟད། རྒན་རྒོན་ཚོར་མེ་གསོད་སྐབས་ཇི་ལྟར་བྱས་ནས་རང་སྐྱོབ་ནུས་ལྡན་བྱེད་དགོས་མིན་བསླབས་པ་དང་། ཁོང་ཚོར་མེ་སྐྱོན་ཐོན་སྐབས་རྒྱུ་དངོས་ལ་ཞེན་ཆགས་ནས་མི་སྡོད་པར་མྱུར་དུ་སྲོག་ཉེན་ལས་ཐར་ཐབས་བྱེད་པ་དང་འབྲེལ་དུས་ཐོག་ཏུ“119”མེ་སྐྱོན་ཉེན་བརྡའི་ཁ་པར་རྒྱག་དགོས་པ་བཅས་སོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།