[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲེང་ཀོན་ཆུས་ཉེན་རྟོག་ཕྱོགས་ཀྱིས་ཕོ་བྲང་པོ་ཏ་ལ་དང་ཉེ་འཁོར་གྱི་ཡུལ་སྐོར་སྒྲིག་ལམ་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

    ཕོ་བྲང་པོ་ཏ་ལ་དང་དེའི་ཉེ་འཁོར་གྱི་བདེ་འཇགས་སྒྲིག་ལམ་སྔར་བས་སྲུང་སྐྱོང་བྱས་ཏེ་གྲོང་ཁྱེར་གྱི་ཁོར་ཡུག་བདེ་འཇགས་ལེགས་སུ་གཏོང་བ་དང་ཕོ་བྲང་པོ་ཏ་ལ་དང་དེའི་ཉེ་འཁོར་གྱི་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་ནུས་ལྡན་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་ཐང་ཆེན་མངགས་གཏོང་ཁང་གིས་རྡུང་རྡེག་ནན་པོ་གཏོང་བ་དང་རྒྱུན་མཐུད་ངང་ནུས་ཤུགས་འདོན་རྒྱུ་མཐའ་འཁྱོངས་བྱས་ནས་བཅོས་སྒྲིག་ལས་དོན་སྤེལ་བ་རེད། 

    གང་བྱུང་དུ་ཚོང་ཟོག་འགྲེམས་ཚོང་དང་རྗེས་འདེད་སྐོར་ཚོང་རྒྱག་པ་སོགས་ཀྱི་བྱེད་སྤྱོད་གཏན་འགོག་བྱ་ཆེད། ཐང་ཆེན་མངགས་གཏོང་ཁང་གིས་ཟངས་གཡག་ཐང་ཆེན་དང་རྫོང་རྒྱབ་ཀླུ་ཁང་སོགས་སུ“དཔུང་རྟགས་དམར་པོ”སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཁོང་ཚོར་ཁ་ཏ་བསླབ་བྱ་དང་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་སྡེ་ཚན་གཞན་དང་མཉམ་འབྲེལ་ཐོག་སྐོར་གཡེང་ལ་ཤུགས་སྣོན་བརྒྱབ་ནས་གང་བྱུང་དུ་ཚོང་ཟོག་ཚོང་བ་དང་རྗེས་འདེད་སྐོར་ཚོང་རྒྱག་པ་སོགས་ཀྱི་བྱེད་སྤྱོད་ཤེས་རྟོགས་དང་ཞིབ་བཤེར་ཐག་གཅོད་བྱེད་ཚད་མང་དུ་བཏང་བ་རེད། 

    གཞན་ཡང་། ཐང་ཆེན་མངགས་གཏོང་ཁང་གིས་ས་ཁོངས་བགོས་ནས་ཆེད་མངགས་བཅོས་སྒྲིག་ལས་དོན་ཚོགས་ཆུང་བཙུགས་ཏེ་མཛེས་ལྗོངས་ཁུལ་གྱི་རྒྱུན་གཏན་སྒྲིག་ལམ་ལ་གནོད་འཚེ་གཏོང་མཁན་ཁྲིམས་འགལ་མི་སྣ་ཁག་གཅིག་ལ་རྡུང་རྡེག་བཏང་བ་དང་ཐག་གཅོད་བྱས་པ་རེད། 

    གོམ་སྟབས་རྗེས་མར་ཁྲེང་ཀོན་ཆུས་ཉེན་རྟོག་ཕྱོགས་ཀྱིས་ཕོ་བྲང་པོ་ཏ་ལ་དང་དེའི་ཉེ་འཁོར་གྱི་བདེ་འཇགས་སྒྲིག་ལམ་བཅོས་སྒྲིག་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།