[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྙན་རོང་རྫོང་གིས་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་དང་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-09

    མི་དམངས་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར། སྙན་རོང་རྫོང་གིས་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་དང་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་གཅིག་སྡུད་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། འགྲིམ་འགྲུལ་མི་དམངས་ཉེན་རྟོག་པས་འགྲིམ་འགྲུལ་བདེ་འཇགས་ཀྱི་བློ་འདྲིའི་ལས་སྟེགས་འཛུགས་པ་དང་། དྲིལ་བསྒྲགས་འགྲེམས་པང་བཀོད་སྒྲིག དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་ཆ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་འཕྲལ་སྡོམ་ཤེས་བྱ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་འབྲེལ། མང་ཚོགས་ལ་ཕྱིར་སྐྱོད་གོམས་གཤིས་བཟང་པོ་ཞིག་འཇགས་པར་བྱས་ཏེ། མཉམ་དུ་ཞི་མཐུན་དང་། ཤེས་དཔལ། བདེ་འཇགས་བཅས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་གཏོད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད།

    བཅོས་སྒྲིག་བྱེད་རིང་། ད་དུང་ཆང་བཏུངས་འཁོར་གཏོང་དང་དུག་འཐེན་འཁོར་གཏོང་སོགས་ཁྲིམས་འགལ་བྱེད་སྤྱོད་རིགས་གཅིག་སྡུད་བཅོས་སྒྲིག་གི་བྱ་སྤྱོད་ཀྱང་སྤེལ་བ་རེད། “ཆང་བཏུངས་འཁོར་གཏོང”གི་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཆོས་ཉིད་དང་ཁྱད་ཆོས་དང་ཟུང་འབྲེལ་གྱིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། ཁྲིམས་འཛིན་གོ་ཆ་ཁྱེར་ནས་མཚན་མོའི་ཆུ་ཚོད་8པ་ནས་11བར་དུ་གནས་གཏན་འཁེལ་གྱིས་ལས་འགན་སྒྲུབ་པ་དང་དུས་ངེས་མེད་ཐོག་སྐོར་གཡེང་བྱེད་པ་ཟུང་འབྲེལ་གྱི་རྣམ་པ་བརྒྱུད། ཆང་བཏུངས་འཁོར་གཏོང་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།