[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱིས་རྒྱལ་སྲུང་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    ཉེ་ཆར། རང་སྐྱོང་ལྗོངས་རྒྱལ་སྲུང་སློབ་གསོའི་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོ་ཐེངས་བཅུ་དགུ་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་ལྷ་སར་སྤེལ་ཞིང་། རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཚན་པ་33གྱིས་བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་ས་ཚིགས་བཙུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོས“འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བསྟོད་གླུ་ཕུལ་ནས་དམངས་དམག་སེམས་མཐུན་གྱིས་ཕུགས་འདུན་འགྲུབ་པར་བྱེད”བརྗོད་དོན་གཙོ་བོར་བྱས་ཤིང་། ཐེངས་འདིའི་བྱེད་སྒོས་གྲོང་མིར་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་པ་ཕུད། ད་དུང་གྲོང་མིར་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་ཀྱང་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།