[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས“སློབ་སྲུང་ལས་གནས”ཀྱི་ལས་དོན་ཏན་ཏིག་བསྒྲུབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཞོལ་སློབ་ཆུང་སྒོ་འགྲམ་གྱི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཚོས་ལས་སྒྲུབ་བྱེད་པ་དང་། སློབ་གྲྭར་སྐྱོད་བཞིན་པའི་ཕྲུ་གུ་ཚོར་འགྲིམ་འགྲུལ་བདེ་འཇགས་ཀྱི“འགོག་སྲུང་གྱང”ཞིག་བསྐྲུན་ཡོད།

    གྲོང་བྱང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པའི་ངོ་སྤྲོད་ལྟར་ན། ཟླ་9པའི་ཟླ་འགོ་ནས་བཟུང་། “སློབ་སྲུང་ལས་གནས”ལས་དོན་གང་ལེགས་སྒྲུབ་ཆེད། གྲོང་བྱང་རུ་ཆེན་གྱིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་སློབ་གྲྭར་བསྐྱོད་ནས་བརྟག་ཞིབ་བྱས་ཤིང་། སློབ་གྲྭའི་ཉེ་འཁོར་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་གཞིགས་ནས་བཅོས་སྒྲིག་བྱས་པ་དང་། འཕྲུལ་སྒུལ་འཁོར་རིགས་དང་གློག་སྒུལ་འཁོར་རིགས་གང་བྱུང་དུ་འཇོག་པ་དང་། ཁྲིམས་འགལ་ངང་འཕྲུལ་དུང་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་བཅོས་སྒྲིག་ནན་པོ་བྱས་པ་རེད།

    “སློབ་སྲུང་ལས་གནས”བཙུཌ་པ་དེས་ཕྲུ་གུ་རྣམས་སློབ་གྲྭར་འགྲོ་བ་དང་སློབ་གྲྭ་གྲོལ་སྐབས་ཀྱི་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་ཐུབ་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་དམངས་ལ་ཞབས་འདེགས་ཞུ་བའི་གཟུགས་བརྙན་ལེགས་པོ་མངོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།