[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྐྱོང་རྟོག་ཞིབ་ཉིང་ལག་རུ་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཏན་ཏིག་བྱས་ཏེ་ཁྲིམས་སྐྱོང་རྟོག་ཞིབ་ལས་དོན་གསར་གཏོད་ངང་སྤེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

     “གཞི་རིམ་དབར་དང་ཏང་ཡོན་དང་མི་དམངས་ཉེན་རྟོག་པའི་དབར་དོ་སྙོམས་མེད་པ་དང་། མ་རྩོམ་ཀློག་པ་དང་རྩ་བའི་རིག་པར་གོ་བ་ལེན་པའི་ཐད་ད་དུང་ཧེ་བག་འཛོལ་བ། སློབ་གསོ་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་མེད་པ”ལ་སོགས་ནི་བོད་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྐྱོང་རྟོག་ཞིབ་ཉིང་ལག་རུ་ཁག་གིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་དུས་འགོའི་བརྟག་ཞིབ་ཁྲོད་ཕྱོགས་སྡོམ་བྱས་པའི་གནད་དོན་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན། བོད་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་ཁྲིམས་སྐྱོང་རྟོག་ཞིབ་ཉིང་ལག་རུ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་བསམ་བློར་ཞུན་བརྡར་གཏོང་བའི་གཙོ་རྐང་དེ་ཁོང་དུ་ཏན་ཏིག་ཆུད་པ་བྱས་ནས། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་རྨང་གཞིར་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ཏན་ཏིག་བྱ་རྒྱུ་གཞི་རྟེན་དུ་བྱེད་པ། གནད་དོན་ལ་ལྟ་ཞིབ་གཏིང་ཟབ་བྱ་རྒྱུ་གོ་སྐབས་སུ་བྱེད་པ། དག་ཐེར་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱ་རྒྱུ་སྒུལ་ཤུགས་སུ་བྱེད་པ་བཅས་ཀྱི་ཐོག་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཁྲིམས་སྐྱོང་རྟོག་ཞིབ་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་ཕྱོགས་གཉིས་ལ་དམ་འཛིན་དང་། ཕྱོགས་གཉིས་ཀར་འཐུས་ཤོར་མི་ཡོང་བ། ཕྱོགས་གཉིས་ཀར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉིང་ལག་རུ་ཁག་དེས་རྒྱལ་མཚམས་འཛུལ་སྒྲོལ་མི་སྣའི་དོ་དམ་ལམ་ལུགས་འོག་གི་ཏང་འཛུགས་སྐྱོང་གི་ལས་དོན་དང་། གཞི་རིམ་གྱི་མི་དམངས་ཉེན་རྟོག་པའི་ལས་དོན་སྤེལ་ཚུལ། ལོ་ཧྲིལ་པོའི་གཙོ་གནད་ལས་དོན་ཁག སྒྲིག་སྲོལ་སྒྱུར་བཅོས་བྱས་རྗེས་ཀྱི་གཞི་རིམ་ཚན་པའི་མངོན་གསལ་དོད་པའི་གནད་དོན། འཐབ་ཕྱོགས་དང་པོའི་མི་དམངས་ཉེན་རྟོག་པའི་ཚུར་སྣང་ལན་ཆ་ཆེ་ལ་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་བཅས་ལ་དམིགས་ཏེ། བརྟག་ཞིབ་ཀྱི་ཆེད་དོན་5གཏན་འཁེལ་བྱས་ནས་སྒོ་འགྲམ་དུ་འདྲི་རྩད་དང་། གནས་སྡོད་བརྟག་ཞིབ། བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱེད་ཐབས་བརྒྱུད་དམངས་ཀྱི་བསམ་འདུན་ཉན་པ་དང་། གནད་འགག་འཚོལ་བ། བསམ་ཕྱོགས་དོན་གཉེར་བཅས་བྱས་ནས་གནད་དོན་གྱི་མངོན་མེད་རྐྱེན་ངན་23ཤེས་རྟོགས་བྱས་པ་དང་འབྲེལ་ཐག་གཅོད་ཀྱང་བྱས་ཡོད། དེ་དང་ཆབས་ཅིག 《དུས་རབས་གསར་པའི་སྤྱི་བདེའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》སོགས་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་གྱིས་རང་འཁྲིའི་ལས་དོན་ལ་མཛུབ་ཁྲིད་བྱེད་པ་དང་ལས་ཀའི་ཆུ་ཚད་མཐོ་རུ་བཏང་སྟེ་སྐར་ཁུང་གི་ཞབས་ཞུའི་ཁྲོད་ཏང་ཡོན་ཚོར་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་ཧུར་ཐག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།